80720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་རྟོག་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition མི་ཕམ་ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་དང་བཅས་པ་ལས་བྱུང་བ་སྟེ། ༡ རྩ་བའི་རྣམ་པར་རྟོག་པ་ནི། འདི་ལྟ་སྟེ་ཀུན་རྣམ་ཤེས་སོ། ། ༢ མཚན་མའི་རྣམ་པར་རྟོག་པ་ནི། གཟུགས་སོགས་ཀྱི་རྣམ་རིག་གོ ། ༣ མཚན་མར་སྣང་བའི་རྣམ་པར་རྟོག་པ་ནི། རྟེན་དང་བཅས་པའི་མིག་ཤེས་སོགས་ཀྱི་རྣམ་རིག་གོ ། ༤ མཚན་མར་འགྱུར་བའི་རྣམ་པར་རྟོག་པ་ནི། ལུས་འགྱུར་བ་རྒ་བ་སོགས་དང་། བདེ་ཚོར་སོགས་དང་། ཆགས་སོགས་དང་། གནོད་པ་དང་། དུས་ཀྱི་ཡོངས་སུ་འགྱུར་བ་སོགས་དང་། སེམས་ཅན་དམྱལ་བའི་འགྲོ་བ་སོགས་ངན་སོང་དང་། འདོད་ཁམས་ལ་སོགས་པས་གཟུགས་གཟུགས་མེད་གཉིས་དེ་འགྱུར་བའོ། ། ༥ མཚན་མར་སྣང་བ་འགྱུར་བའི་རྣམ་པར་རྟོག་པ་ནི། ཇི་སྐད་སྨྲས་པའི་འགྱུར་བ་ཉིད་ཀྱིས་མཚན་མར་སྣང་བ་དེ་གཞན་དུ་འགྱུར་བའོ། ། ༦ གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་ནི། དམ་པ་མིན་པའི་ཆོས་མཉན་པའམ། དམ་པའི་ཆོས་མཉན་པའི་རྗེས་སུ་ཞུགས་པའི་རྣམ་རྟོག་གོ ། ༧ ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ནི། དམ་པ་མིན་པའི་ཆོས་མཉན་པ་ལས་བྱུང་བ། བསྟན་པ་འདི་ལས་ཕྱི་རོལ་པ་རྣམས་ཀྱི་རྣམ་པར་རྟོག་པ་ལྟ་བུའོ། ། ༨ ཚུལ་བཞིན་གྱི་རྣམ་པར་རྟོག་པ་ནི། དམ་པའི་ཆོས་མཉན་པ་ལས་བྱུང་བ་ཆོས་འདི་པ་རྣམས་ཀྱི་རྣམ་པར་རྟོག་པའོ། ། ༩ མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི། ཚུལ་མིན་ཡིད་བྱེད་ལས་བྱུང་འཇིག་ལྟའི་རྩ་བ་ཅན་གྱི་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་དང་མཚུངས་ལྡན་གྱི་རྣམ་རྟོག་གོ ། ༡༠ མི་རྟོག་པའི་ཡེ་ཤེས་ལས་རྣམ་པར་རྟོག་པར་གཡེང་བའི་རྣམ་པར་རྟོག་པ་ནི། བྱང་སེམས་རྣམས་ཀྱི་སྤང་བྱའམ་རྣམ་པར་རྟོག་པ་བཅུ།
Domain ཆོས་ལུགས།

{{#arraymap:རྣམ་པར་རྟོག་པ་རྣམ་པ་བཅུ་

|; |@@@ | | }}