80728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་ལྟ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་མི་དགའ་བའི་སེམས་མེད་པས་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱ་བའི་ཕྱིར། སློང་བ་ལ་རྣམ་པར་ལྟ་བ། ༢ ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ཁྲིམས་ལ་རབ་ཏུ་དགོད་པའི་ཕྱིར། སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་ལ་རྣམ་པར་ལྟ་བ། ༣ བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་བཟོད་པ་ལ་རབ་ཏུ་དགོད་པའི་ཕྱིར། སེམས་ཅན་གནོད་སེམས་ཅན་ལ་རྣམ་པར་ལྟ་བ། ༤ མི་གཏོང་བ་ལ་བརྩོན་པས་ཐེག་པ་ཆེན་པ་ལ་སེམས་ཅན་ཡང་དག་པར་དགོད་པའི་ཕྱིར། སེམས་ཅན་ལེ་ལོ་ཅན་ལ་རྣམ་པར་ལྟ་བ། ༥ ཐམས་ཅད་མཁྱེན་པའི་ས་རྣམ་པར་འཁྲུག་པ་མེད་པ་ལ་རབ་ཏུ་དགོད་པའི་ཕྱིར། ༧ སེམས་ཅན་སེམས་རྣམ་པར་འཁྲུག་པ་ཅན་ལ་རྣམ་པར་ལྟ་བ། ཐེ་ཚོམ་མེད་པས་ལྟ་བ་དང༌། དམིགས་པ་ཐམས་ཅད་རབ་ཏུ་བསལ་བའི་ཕྱིར། སེམས་ཅན་ཤེས་རབ་འཆལ་པ་ཅན་ལ་རྣམ་པར་ལྟ་བ། ཇི་ལྟར་བསྟན་པའི་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་དགོད་པའི་ཕྱིར། དགེ་བའི་བཤེས་གཉེན་ལ་དགེ་བར་རྣམ་པར་ལྟ་བ། ༨ དོན་གྱི་མཆོག་ཉམས་སུ་མྱོང་བར་བྱ་བའི་ཕྱིར། ཇི་སྐད་དུ་ཐོས་པའི་ཆོས་ལ་ལྷག་མཐོང་གིས་རྣམ་པར་ལྟ་བ། ༩ སྙིང་རྗེ་ཆེན་པོའི་སྟོབས་མི་གཏོང་བའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་ལ་རྣམ་པར་ལྟ་བ། ༡༠ ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་ལྟ་བའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་ལྟ་བ་བཅུ་

|; |@@@ | | }}