80738

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་ཤེས་པ་རྣམས་ཀྱི་འགག་པ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འགག་པ་སོ་སོར་རྣམ་པ་གཉིས་རེ་ཡོད་པའི་སྐྱེ་བ་གཉིས་ཏེ། ༡ རྒྱུན་འགག་པ་ནི། གང་ལས་འབྱུང་བ་ཡིན་ཏེ། བློ་གྲོས་ཆེན་པོ། གང་ལས་ཞེས་བྱ་བ་ནི་གང་ལ་གནས་པ་དང༌། གང་ལ་དམིགས་པའོ། །དེ་ལ་གང་ལ་གནས་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་སོ། །གང་ལ་དམིགས་པ་ཞེས་བྱ་བ་ནི་བདག་གི་སེམས་སྣང་བ་རྣམ་པར་ཤེས་པའི་ཡུལ་དུ་རྣམ་པར་རྟོག་པའོ། ། ༢ མཚན་ཉིད་འགག་པ་ནི། དབང་པོའི་རྣམ་པར་ཤེས་པ་ཐམས་ཅད་འགག་པ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་ཡང་དག་པ་མ་ཡིན་པར་ཀུན་རྟོག་པའི་བག་ཆགས་སྣ་ཚོགས་འགོག་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་ཤེས་པ་རྣམས་ཀྱི་འགག་པ་གཉིས་

|; |@@@ | | }}