80748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་ཤེས་པའི་ཟས་ (1)
Part of speech མིང་ཚིག
Definition ཟས་བཞིའི་ནང་གསེས་ཤིག སེམས་ཅན་གསོ་བར་བྱེད་པའི་རྣམ་ཤེས་ཏེ། དཔེར་ན་ཇི་སྐད་དུ། རྒྱ་མཚོ་ཆེན་པོ་ནས་སྲོག་ཆགས་ཆེ་ལོང་རྣམས་ཆུ་ནང་ནས་སྐམ་ལ་འཐེན་ཏེ་བྱེ་མ་ཅན་གྱི་ཐང་ལ་སྒོ་ང་རྣམས་བཞག་ནས་བྱེ་མས་བཀབ་སྟེ་སླར་ཡང་རྒྱ་མཚོའི་ནང་འགྲོའོ། །དེ་ལ་མི་གང་དག་གིས་སྒོ་ང་ལས་བརྩམས་ཏེ་དྲན་པས་མ་བརྗེད་པའི་སྒོ་ང་དེ་དག་ནི་འདྲུལ་བར་མི་འགྱུར་རོ། །གང་དག་གིས་བརྗེད་པ་དང་དེ་དག་ནི་འདྲུལ་བར་འགྱུར་རོ་ཞེས་བཤད་པ་ལྟ་བུའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་ཤེས་པའི་ཟས་

|; |@@@ | | }}