80753

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བསྟན་པ་ལས་བྱུང་བ་སྟེ། ༡ འདས་པའི་སངས་རྒྱས་རྣམས་ཀྱི་ཆོས་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༢ མ་བྱོན་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༣ ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༤ འདས་པའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༥ མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པར་བྱ་བ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༦ ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༧ འདས་པའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༨ མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྒྲུབ་པ་བྱ་བ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༩ ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྒྲུབ་པ་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། ། ༡༠ སངས་རྒྱས་མཉམ་པ་ཉིད་རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་སྒོམ་པ་ལ་ཡོངས་སུ་བསྐུལ་བར་བྱ་བ་བཅུ་

|; |@@@ | | }}