80756

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་སྣང་མཛད་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། དེ་ཉིད་སྣང་བ་ལས། འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ལྔའི་སྐུའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྣམ་པ་སྣང་མཛད་ཡིན་ལ། ཞེས་གསུངས་པས་རྣམ་སྣང་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་སྣང་མཛད་

|; |@@@ | | }}

རྣམ་པར་སྣང་མཛད་ (2)
Part of speech མིང་ཚིག
Definition རྒྱལ་བ་རིགས་ལྔའི་ཡ་གྱལ་ཏེ། སངས་རྒྱས་རྣམ་པར་སྣང་མཛད་དེ། དཀོན་ཅོག་འགྲེལ་ལས། དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་ཉིད་ལས་མ་གཡོས་བཞིན་དུ། ཆགས་པ་དང་ཐོགས་པ་མི་མངའ་བར་རྣམ་པ་སྣ་ཚོགས་སུ་སྣང་བར་མཛད་པས་རྣམ་པར་སྣང་མཛད་དོ། །ཞེས་གསུངས་སོ། །

{{#arraymap:རྣམ་པར་སྣང་མཛད་

|; |@@@ | | }}

རྣམ་པར་སྣང་མཛད་ (3)
Part of speech མིང་ཚིག
Definition ཉི་མ་སྟེ། འོད་ཀྱིས་མུན་པ་བསལ་བར་བྱེད་པས་སོ། །
Type མངོན་བརྗོད།

{{#arraymap:རྣམ་པར་སྣང་མཛད་

|; |@@@ | | }}

རྣམ་པར་སྣང་མཛད་ (4)
Part of speech མིང་ཚིག
Definition ཟླ་བ་སྟེ། འོད་ཀྱིས་མུན་པ་བསལ་བར་བྱེད་པས་སོ། །

{{#arraymap:རྣམ་པར་སྣང་མཛད་

|; |@@@ | | }}