80774

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་སྤྱོད་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་བྱམས་པ་ཆེན་པོ་ལ་རྣམ་པར་སྤྱོད་པ། ༢ མ་བསླབས་པ་ལ་བརྙས་པ་མེད་པའི་ཕྱིར། སྙིང་རྗེ་ཆེན་པོ་ལ་རྣམ་པར་སྤྱོད་པ། ༣ མི་དགའ་བ་ཐམས་ཅད་བསལ་བའི་ཕྱིར། དགའ་བ་ཆེན་པོ་ལ་རྣམ་པར་སྤྱོད་པ། ༤ འདུས་བྱས་དང༌། འདུས་མ་བྱས་སུ་མཉམ་ཞིང་མཚུངས་པའི་ཕྱིར། བཏང་སྙོམས་ཆེན་པོ་ལ་རྣམ་པར་སྤྱོད་པ། ༥ བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་རྣམ་པར་སྤྱོད་པ། ༦ རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པས་རྣམ་པའི་མཆོག་ཐམས་ཅད་དང༌། ལྡན་པའི་སྟོང་པ་ཉིད་ལ་རྣམ་པར་སྤྱོད་པ། ༧ སྐྱོན་མེད་པ་ལ་ཐོགས་པ་མེད་པས་མཚན་མ་མེད་པ་ལ་རྣམ་པར་སྤྱོད་པ། ༨ ཆེད་དུ་བསམས་ཏེ་སྐྱེ་བ་འཛིན་པའི་ཕྱིར། སྨོན་པ་མེད་པ་ལ་རྣམ་པར་སྤྱོད་པ། ༩ བཟོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དྲན་པ་དང༌། ཤེས་བཞིན་ལ་རྣམ་པར་སྤྱོད་པ། ༡༠ ལུང་བསྟན་པ་འཐོབ་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་མཉམ་པ་ཉིད་ལ་རྣམ་པར་སྤྱོད་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་སྤྱོད་པ་བཅུ་

|; |@@@ | | }}