80779
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཡོན་ཏན་གྱི་རིགས་རྣམས་སྐད་ཅིག་མ་གཅིག་ལ་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག |
Domain | ཆོས་ལུགས། |
{{#arraymap:རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ས་བདུན་པ་མན་ཆད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་མ་ཐོབ་པས་ས་དེ་དག་གི་ཟག་མེད་ཀྱི་ཆོས་ལ་ཟག་མེད་རྣམ་པར་མ་སྨིན་པ་བྱས་ནས་དེ་ལྟ་བུ་གཅིག་མངོན་དུ་བྱས་པའི་ཚེ་དེ་དང་རིགས་མཐུན་པ་ཀུན་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་བྱང་སེམས་ཀྱི་རྒྱུན་མཐའི་སྦྱོར་བ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། བྱ་རྫོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་གཅིག་ལ། ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་ཆོས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པའི་ཆོས་ཐམས་ཅད་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་སྒོ་ནས་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར། ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད། ཅེས་གསུངས་སོ། ། |
{{#arraymap:རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱེད་པའི་ཚེ་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ ། ས་མཚམས། རྒྱུན་མཐའ་ཁོ་ནར་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། རྟོགས་བྱའི་སྒོ་ནས་དབྱེ་བའི་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ནི། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་པར་བྱང་ཆུབ་པ་ན་དེའི་བསྡུ་བྱ་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་མངོན་དུ་བྱེད་དེ། རྒྱུན་མཐར་ཐོབ་པའི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་གིས། རང་གི་བསྡུ་བྱ་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་བསྡུས་པའི་ཕྱིར་རོ། །འདི་ནི་དངོས་རྒྱུས་དངོས་འབྲས་བསྡུས་པ་སྟེ། དངོས་རྒྱུ་མངོན་སུམ་དུ་བྱས་པ་ན་དངོས་འབྲས་མངོན་སུམ་དུ་བྱེད་པའི་ནུས་པ་ཐོབ་པའི་དོན་ཏེ། ཇི་སྐད་དུ། ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་པ་ན་དེ་དང་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །འདིར་མངོན་སུམ་དུ་བྱེད་ཅེས་འབྱུང་གི་མངོན་སུམ་དུ་བྱས་ཞེས་པ་མི་སྣང་ངོ་། །ཡུལ་སྐད་ཅིག་མ་གཅིག་ཁོ་ན་ལ་རྟོགས་ཞེས་པ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། བློ་སྐད་ཅིག་མ་གཅིག་གིས་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། དུས་སྐད་ཅིག་མ་གཅིག་ལ་རྣམ་པར་སྨིན་པ་མིན་པའི་སྦྱིན་པ་ནས་དཔེ་བྱད་བཟང་པོའི་བར་གྱི་ཟག་མེད་ཀྱི་ཆོས་རྣམས་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
{{#arraymap:རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཟག་མེད་རྣམ་པར་སྨིན་པ་མིན་པའི་ཡོན་ཏན་གྱི་རིགས་གཅིག་མངོན་དུ་བྱས་པ་ན། དེའི་ཡོན་ཏན་གྱི་རིགས་ཐམས་ཅད་ཅིག་ཅར་དུ་མངོན་དུ་བྱེད་པར་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག རྣམ་པར་སྨིན་པ་མིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན། |
{{#arraymap:རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་
|; |@@@ | | }}