80784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་པ་ནི། དག་པ་སའི་ཟག་མེད་ཀྱི་ཡོན་ཏན་རྣམས་ལ་རྣམ་པར་སྨིན་པ་ཞེས་བརྗོད་དེ། མངོན་པ་བ་དག་གིས་རྣམ་པར་སྨིན་པའི་འབྲས་བུ་དེ་སྔ་མའི་ལས་ཉོན་གྱིས་ཚེ་འདིར་འབད་རྩོལ་མེད་པར་གྲུབ་པར་འདོད་པ་ལྟར་འདིར་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཐོབ་པས་འབད་རྩོལ་ལ་མི་ལྟོས་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །དག་པ་ས་གསུམ་གྱི་གནས་སྐབས་སུ་ཐོབ་པའི་ཟག་མེད་ཀྱི་ཡོན་ཏན་དེ། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཀྱི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་པ་

|; |@@@ | | }}