80787

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་སྨིན་པའི་རྒྱུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྒྱུ་དྲུག་གི་ནང་གསེས་ཤིག མི་དགེ་བ་རྣམས་དངང། དགེ་བ་ཟག་པ་དང་བཅས་པ་རྣམས་ཁོ་ན་ཡིན་ཏེ། རང་གི་ངོ་བོ་སྟོབས་དང་ལྡན་ཞིང་རྐྱེན་སྲིད་པའི་རླན་དང་བཅས་པའི་ཕྱིར་དང་། དེས་ན་འབྲས་བུ་རྣམ་སྨིན་འབྱིན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ལུང་མ་བསྟན་དང་ཟག་མེད་ནི་རིམ་པར་ལྟར་རང་གི་ངོ་བོ་སྟོབས་ཆུང་བ་དང་སྟོབས་དང་ལྡན་ཡང་རྐྱེན་སྲེད་པའི་རླན་མེད་པའི་ཕྱིར་རྣམ་སྨིན་གྱི་རྒྱུ་མ་ཡིན་ཏེ། དཔེར་ན་ས་བོན་རུལ་པ་དང་རླན་དང་བྲལ་པའི་ས་བོན་གྲུང་པོ་བཞིན་ནོ། །དེས་ན་དེ་གཉིས་ལས་གཞན་པའི་འདུས་བྱས་ལྷག་མ་ནི་རྣམ་སྨིན་གྱི་རྒྱུ་ཡིན་ནོ། །མི་དགེ་བ་ནི་ལས་དང་ཉོན་མོངས་བ་གཉིས་ཀ་གཟུང་སྟེ་ས་གང་གི་སྲེད་པས་རྐྱེན་བྱས་པ་དེར་རྣམ་སྨིན་འགྲུབ་པོ་འདིའི་འབྲས་བུ་ལས་བྱས་མ་ཐག་ཏུ་འདྲེན་པ་ནི་མེད་ཀྱི་རྒྱུན་ལ་ལྟོས་ནས་མི་འདྲ་བ་སྨིན་ཏེ་བསྐལ་པ་བརྒྱར་ཡང་ཆུད་མི་ཟ་བས་སོ། །གཞན་ཡང་རྣམ་སྨིན་གྱི་རྒྱུ་ཡོད་པར་ཤེས་བྱེད་ཀྱི་ལུང་ནི། མདོ་ལས། ཆེད་དུ་བསམས་པའི་ལས་བྱས་ཤིང་བསགས་པའི་རྣམ་པར་སྨིན་པའོ་ཞེས་གསུངས་པས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་སྨིན་པའི་རྒྱུ་

|; |@@@ | | }}