80790

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྟོགས་བྱའི་སྒོ་ནས་དབྱེ་བའི་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་ནི། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་གཅིག་དམིགས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པ་སྟེ། བསྡུ་བྱེད་མངོན་སུམ་དུ་བྱས་པ་ན། བསྡུ་བྱ་ཡང་མངོན་སུམ་དུ་བྱེད་པར་འགྱུར་པ་འཐད་པས་སོ། །དཔེ་ནི། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་པ་ལྟར་རོ། །ཡུལ་སྐད་ཅིག་མ་གཅིག་ཁོ་ན་ལ་རྟོགས་ཞེས་བྱ་བ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་ནི། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ ། ས་མཚམས་ནི། རྒྱུན་མཐའ་ཁོ་ནར་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། བློ་སྐད་ཅིག་མ་གཅིག་གིས་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཅིག་མངོན་དུ་བྱས་པ་ན། དུས་སྐད་ཅིག་མ་གཅིག་ལ་རྣམ་པར་སྨིན་པའི་ངོ་བོར་སྐྱེས་པའི་ཟག་མེད་ཀྱི་ཆོས་རྣམས་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་

|; |@@@ | | }}