80791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ས་བརྒྱད་པ་ཡན་ཆད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པས་ས་དེ་དག་ཟག་མེད་ཀྱི་ཆོས་ལ་ཟག་མེད་རྣམ་པར་སྨིན་པ་བྱས་ནས་དེ་ལྟ་བུའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པ་ཀུན་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་བྱང་སེམས་ཀྱི་རྒྱུན་མཐའི་སྦྱོར་བ་ཞིག་ལ་འཇོག ངོ་བོ་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། ཟག་མེད་ཀྱི་ཆོས་བྱ་རྫོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་གཅིག་ལ་ཟག་མེད་རྣམ་པར་སྨིན་པའི་ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཆོས་ཐམས་ཅད་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་སྒོ་ནས་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད། ཅེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་

|; |@@@ | | }}