8080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་པའི་བསྐལ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས། མི་རྣམས་ཚེ་ལོ་དཔག་མེད་ནས་འབྲི་སྟེ་བརྒྱད་ཁྲི་བར་སླེབས་པ་དང་། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དུས་མཉམ་པ་ནི་ཆགས་པའི་བསྐལ་པར་གཏོགས་ལ། བརྒྱད་ཁྲི་པ་ནས་འབྲི་སྟེ་ཚེ་ལོ་བཅུ་པར་གྱུར་པའི་བར་ནི་བར་བསྐལ་དང་པོ་ཡ་ཐོག་རིང་མོ་ཞེས་བྱའོ། །ཚེ་ལོ་བཅུ་པ་དེ་ནས་ཡར་བརྒྱད་ཁྲི་པའི་བར་སྐྱེ་བ་དང་། མར་འབྲི་བ་ཟུང་དུ་བྱས་པའི་བར་གྱི་ཁུག་པ་བཅོ་བརྒྱད་དང་། ཡང་ཚེ་ལོ་བརྒྱད་ཁྲི་པའི་བར་ཡར་འཕེལ་བ་བར་གྱི་བསྐལ་པ་གཅིག་ཡིན་ཏེ་མ་ཐོག་རིང་མོ་ཞེས་བྱ་བའོ། །ཞེས་གསུངས་པས། ཡ་ཐོག་རིང་མོ་དང་བར་གྱི་ཁུག་པ་བཅོ་བརྒྱད་དང་མ་ཐོག་རིང་མོ་གསུམ་སྡོམ་པའི་བར་བསྐལ་ཉི་ཤུ་བོ་དེ་ལ་གནས་པའི་བསྐལ་བ་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:གནས་པའི་བསྐལ་བ་

|; |@@@ | | }}