80808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་བཤད་བསྡུ་བ་ (1)
Part of speech མིང་ཚིག
Definition འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྣམ་བཤད་བསྡུ་བ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། འཇར་པན་གྱི་སྡེ་དགེ་པར་མ་དང་། པེ་ཅིང་དཀར་ཆག་ཏུ་འཕགས་པ་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་དང་པོ་ལ་དངོས་གཞི་ས་མང་པོ་དང་ཉན་ཐོས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་སྟེ་ཆོས་ཚན་གསུམ་དང་། གཞི་བསྡུ་བ་ལ་མདོ་སྡེའི་གཞི་བསྡུ་བ་དང་འདུལ་བའི་གཞི་བསྡུ་བ་སྟེ་ཆོས་ཚན་གཉིས། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བ། རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་བཤད་བསྡུ་བ་གསུམ་ཆོས་ཚན་རེ་རེ་སྟེ་ཆོས་ཚན་བརྒྱད་བྱས་ཏེ་བསྒྲིགས་ཀྱང་འདིར་ས་སྡེ་ལྔ་ཆོས་ཚན་ལྔ་བྱས་ཏེ་བསྒྲིགས་ཡོད། བསྟན་འགྱུར་སེམས་ཙམ་འི་པར་བཞུགས།

{{#arraymap:རྣམ་བཤད་བསྡུ་བ་

|; |@@@ | | }}