8081

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་པའི་འཁོར་ལོ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲུབ་བཀའ་བརྒྱད་ཀྱི་འཇམ་དཔལ་སྐུ་འཁོར་ལོ་རྣམ་པ་བཞིའི་བྱེ་བྲག་ཅིག་སྟེ། འདིའི་དོན་ནི། བཀའ་བརྒྱད་རྣམ་བཤད་ལས། གནས་པའི་འཁོར་ལོ་ཞེས་བྱ་བ་དེ་གང་ཡིན་སྙམ་ན། རང་གི་སེམས་ཉིད་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་གནས་པའི་འཁོར་ལོ་ཞེས་བྱ་སྟེ། གང་གི་ཕྱིར་ན་དེ་ཁོ་ནར་ཆོས་ཐམས་ཅད་འདུས་ཤིང་འུབ་ཆུབ་པའི་ཕྱིར་རོ། །ཇི་ལྟར་འདུས་ན། སྐབས་འདིར་རྣམ་བཞག་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། སྐུ་གསུམ་གནས་པ་དང་། ཡེ་ཤེས་བཞི་གནས་པ་དང་། འཁོར་འདས་གཉིས་གནས་པ་དང་། བདེན་པ་གཉིས་གནས་པ་དང་། ལྟ་སྤྱོད་གཉིས་གནས་པ་དང་། ཐབས་ཤེས་གཉིས་གནས་པ་དང་། ཞི་ལྷག་གཉིས་གནས་པ་དང་། ཤེར་ཏིང་གཉིས་གནས་པའོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:གནས་པའི་འཁོར་ལོ་

|; |@@@ | | }}