80812

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་བྱང་གི་དབང་པོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། རང་འབྲས་འཕགས་ལམ་བསྐྱེད་པ་ལ་ལྷག་པར་དབང་བར་བྱེད་པས་ན་རྣམ་བྱང་གི་དབང་པོ་ཞེས་བརྗོད་པའི་ཕྱིར། ངོ་བོ་དང་མཚན་ཉིད་སོགས་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རྣམ་བྱང་དབང་པོའི་དམིགས་པ་ཡོད་དེ། ཐེག་པ་ཐུན་མོང་བ་ལྟར་ན་བདེན་བཞིའི་བླང་དོར་ལ་འཇུག་པ་དེ་དེའི་དམིགས་པ་དང། ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན་བླ་ན་མེད་པའི་བྱང་ཆུབ་དེ་དད་པའི་དབང་པོའི་དམིགས་པ་དང། རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེན་པོ་རྣམས་བརྩོན་འགྲུས་ཀྱི་དབང་པོའི་དམིགས་པ་དང། ཐེག་ཆེན་གྱི་ཆོས་མང་དུ་ཐོས་པ་དེ་དྲན་པའི་དབང་པོའི་དམིགས་པ་དང། ཐེག་ཆེན་གྱི་ལམ་གྱིས་བསྡུས་པའི་ཞི་གནས་དེ་ཏིང་ངེ་འཛིན་གྱི་དབང་པོའི་དམིགས་པ་དང། དེས་བསྡུས་པའི་ལྷག་མཐོང་ནི་ཤེས་རབ་ཀྱི་དབང་པོའི་དམིགས་པར་འཇོག་པའི་ཕྱིར། ངོ་བོ་ཡོད་དེ། རང་འབྲས་འཕགས་ལམ་སྐྱེད་པ་ལ་རང་དབང་དུ་གྱུར་པའི་སྦྱོར་ལམ་དྲོད་ཡན་ཆད་ཀྱི་དད་སོགས་ལྔ་ལ་འཇོག་པའི་ཕྱིར། སྒོམ་ཚུལ་ཡོད་དེ། ཐེག་པ་ཐུན་མོང་བའི་དབང་དུ་བྱས་ན་བདེན་བཞིའི་བླང་དོར་ལ་ཡིད་ཆེས་པའི་དད་པ་སྒོམ་པ་དང། བདེན་བཞིའི་བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་རྩོམ་པ་དང། དེའི་བླང་དོར་ལ་སེམས་མི་བརྗེད་པར་འཛིན་པ་དང། དེའི་བླང་དོར་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་སྒོམ་པ་དང། དེའི་བླང་དོར་ལ་དཔྱོད་པར་བྱེད་པ་རྣམས་རིམ་པ་བཞིན་དུ་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་ལྔའི་སྒོམ་ཚུལ་ཡིན། ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། བླ་ན་མེད་པའི་བྱང་ཆུབ་ལ་ཡིད་ཆེས་པའི་དད་པ་སྒོམ་པ་དང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སྤྲོ་བའི་བརྩོན་འགྲུས་རྩོམ་པ་དང། ཐེག་ཆེན་གྱི་ཆོས་ཐོས་པ་མི་བརྗེད་པར་འཛིན་པ་དང། ཐེག་ཆེན་གྱི་ཆོས་ཀྱིས་བསྡུས་པའི་ཞི་གནས་ལ་སེམས་རྩེ་གཅིག་ཏུ་འཇོག་པ་དང། དེའི་ལམ་གྱིས་བསྡུས་པའི་ལྷག་མཐོང་ལ་དཔྱོད་པར་བྱེད་པ་རྣམས་རིམ་པ་བཞིན་དུ་དད་སོགས་དབང་པོ་ལྔའི་སྒོམ་ཚུལ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། བདེན་པ་མྱུར་དུ་རྟོགས་པ་དང་སྦྱོར་ལམ་བཞི་རྫོགས་པའི་དགོས་པ་ཡོད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:རྣམ་བྱང་གི་དབང་པོ་

|; |@@@ | | }}