80815

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་བྱང་གི་སྟོབས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། རང་འབྲས་འཕགས་ལམ་སྐྱེ་བ་ལ་ལྷག་པར་དབང་བར་བྱེད་པའི་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་སྦྱོར་ལམ་བཟོད་པ་ཡན་ཆད་ཀྱི་ལམ་ཞིག་ལ་བརྗོད་པའི་ཕྱིར། ངོ་བོ་དང་དམིགས་པ་སོགས་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཞན་རྣམས་དབང་པོ་དང་འདྲ་ལ། ངོ་བོ་ནི་སྦྱོར་ལམ་བཟོད་པ་ཡན་ཆད་ཀྱི་དད་སོགས་ལྔ་ལ་སྟོབས་ཞེས་བྱ་སྟེ། མ་དད་པ་སོགས་ཀྱིས་ཚུར་བརྫི་བར་མི་ནུས་པའི་ཕྱིར། འོ་ན་དད་སོགས་ལྔ་སྦྱོར་ལམ་དྲོད་རྩེ་གཉིས་ཀྱི་སྐབས་སུ་རྣམ་བྱང་གི་དབང་པོ་དང། བཟོད་མཆོག་གཉིས་ཀྱི་སྐབས་སུ་རྣམ་བྱང་གི་སྟོབས་སུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དྲོད་རྩེ་གཉིས་ཀྱི་སྐབས་སུ་མ་དད་པ་སོགས་ཀྱིས་བརྫི་བར་ནུས་ཤིང། བཟོད་མཆོག་གཉིས་ཀྱི་སྐབས་སུ་བརྫི་བར་མི་ནུས་པའི་ཆ་ནས་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་ལས། ཅིའི་ཕྱིར་དབང་པོ་རྣམས་ཁོ་ན་ལ་སྟོབས་སུ་བཤད་ཅེ་ན། ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་བརྫི་བ་དང་བརྫི་བ་མེད་པའི་ཕྱིར། ཅེས་དང། འགྲེལ་ཆེན་ལས། དབང་པོ་ལྔ་དང་སྟོབས་ལྔ་ལ་ཁྱད་པར་ཅི་ཡོད་ཅེ་ན། མ་དད་པ་ལ་སོགས་པའི་མི་མཐུན་ཕྱོགས་དང། དད་པ་ལ་སོགས་པའི་གཉེན་པོ་གཉིས་དང་འདྲེས་པར་འབྱུང་བ་ནི། དབང་པོ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཀྱི་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བ་ནི། སྟོབས་ཞེས་བྱའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་བྱང་གི་སྟོབས་

|; |@@@ | | }}