80818

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་བྱང་ཕྱོགས་ཀྱི་ཆོས་ལྔ་བཅུ་ང་ལྔ་ (1)
Part of speech མིང་ཚིག
Definition འབུམ་གྱི་འགྲེལ་རྐང་བརྒྱ་དང་བརྒྱད་ཡོད་པ་ལས་བྱུང་བ་སྟེ། ༡ སྦྱིན་པའི་ཕར་ཕྱིན། ༢ ཚུལ་ཁྲིམས་ཀྱི་ཕར་ཕྱིན། ༣ བཟོད་པའི་ཕར་ཕྱིན། ༤ བརྩོན་འགྲུས་ཀྱི་ཕར་ཕྱིན། ༥ བསམ་གཏན་གྱི་ཕར་ཕྱིན། ༦ ཤེས་རབ་ཀྱི་ཕན་ཕྱིན། ༧ སྟོང་ཉིད་བཅོ་བརྒྱད་ནི། ཕྱི་སྟོང་པ་ཉིད། ༨ ནང་སྟོང་པ་ཉིད། ༩ ཕྱི་ནང་གཉིས་ཀ་སྟོང་པ་ཉིད། ༡༠ སྟོང་པ་ཉིད་སྟོང་པ་ཉིད། ༡༡ ཆེན་པོ་སྟོང་པ་ཉིད། ༡༢ དོན་དམ་པ་སྟོང་པ་ཉིད། ༡༣ འདུས་བྱས་སྟོང་པ་ཉིད། ༡༤ འདུས་མ་བྱས་སྟོང་པ་ཉིད། ༡༥ མཐའ་ལས་འདས་པ་སྟོང་པ་ཉིད། ༡༦ ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད། ༡༧ དོར་བ་མེད་པ་སྟོང་པ་ཉིད། ༡༨ རང་བཞིན་སྟོང་པ་ཉིད། ༡༩ ཆོས་ཐམས་ཅད་སྟོང་པ་ཉིད། ༢༠ རང་གི་མཚན་ཉིད་སྟོང་པ་ཉིད། ༢༡ མི་དམིགས་པ་སྟོང་པ་ཉིད། ༢༢ དངོས་པོ་མེད་པ་སྟོང་པ་ཉིད། ༢༣ ངོ་བོ་ཉིད་སྟོང་པ་ཉིད། ༢༤ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད། ༢༥ རྣལ་འབྱོར་གྱི་ལམ་བྱང་ཕྱོགས་སོ་བདུན་ནི། དྲན་པ་ཉེར་བཞག་བཞི། ༢༦ ཡང་དག་པར་སྤོང་བ་བཞི། ༢༧ རྫུ་འཕྲུལ་གྱི་རྐང་པ་བཞི། ༢༨ དབང་པོ་ལྔ། ༢༩ སྟོབས་ལྔ། ༣༠ བྱང་ཆུབ་ཀྱི་ལམ་ཡན་ལག་བདུན། ༣༡ འཕགས་པའི་ལམ་ཡན་ལག་བརྒྱད་པ། ༣༢ ཞི་གནས་ཀྱི་སྡེ་ཚན་དྲུག་ནི། འཕགས་པའི་བདེན་པ་བཞི། ༣༣ བསམ་གཏན་བཞི། ༣༤ ཚད་མེད་བཞི། ༣༥ གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི། ༣༦ རྣམ་པར་ཐར་པ་བརྒྱད། ༣༧ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། ༣༨ ལྷག་མཐོང་གི་ལམ་རྣམ་ཐར་སྒོ་གསུམ། ༣༩ ཡོན་ཏན་ཁྱད་པར་ཅན་གྱི་ལམ་སྡེ་ཚན་གསུམ་ནི། མངོན་པར་ཤེས་པ་དྲུག ༤༠ ཏིང་ངེ་འཛིན་བཞི། ༤༡ གཟུངས་ཀྱི་སྒོ་བཞི། ༤༢ འབྲས་བུའི་ལམ་ནི། སྟོབས་བཅུ། ༤༣ མི་འཇིགས་པ་བཞི། ༤༤ སོ་སོ་ཡང་དག་པར་རིག་པ་བཞི། ༤༥ སངས་རྒྱས་ཕལ་པའི་རྒྱུད་ཀྱི་བྱམས་པ་ཆེན་པོ། ༤༦ སངས་རྒྱས་ཕལ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ། ༤༧ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ༤༨ ལམ་མངོན་དུ་བྱེད་པའི་གང་ཟག་ནི། རྒྱུན་ཞུགས། ༤༩ ཕྱིར་འོང༌། ༥༠ ཕྱིར་མི་འོང༌། ༥༡ དགྲ་བཅོམ་པ། ༥༢ རང་སངས་རྒྱས། ༥༣ གཞི་ཤེས། ༥༤ ལམ་ཤེས། ༥༥ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཅས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་བྱང་ཕྱོགས་ཀྱི་ཆོས་ལྔ་བཅུ་ང་ལྔ་

|; |@@@ | | }}