80819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་བྱང་ཕྱོགས་ཀྱི་དབང་པོ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣམ་བྱང་ཕྱོགས་ཀྱི་དབང་པོ་དེ་ལ་བརྒྱད་དུ་ཡོད་དེ། དེ་ལ་དད་པའི་དབང་པོ། བརྩོན་འགྲུས་ཀྱི། དྲན་པའི། ཤེས་རབ་ཀྱི། ཏིང་ངེ་འཛིན་གྱི། མི་ཤེས་པ་ཀུན་ཤེས་པར་བྱེད་པའི། ཀུན་ཤེས་པའི། ཀུན་ཤེས་ལྡན་པའི་དབང་པོ་རྣམས་སུ་ཡོད་པའི་ཕྱིར། དེ་ལ་བརྒྱད་དུ་ངེས་ཏེ། འཁོར་བ་ལས་བཟློག་པའི་རྣམ་བྱང་ལ་འཇུག་པའི་རྟེན་གྱི་དབང་དུ་བྱས་ནས་དད་སོགས་དབང་པོ་ལྔ་བཞག རྣམ་བྱང་ཕྱོགས་གསར་དུ་སྐྱེ་བའི་དབང་དུ་བྱས་ནས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་བཞག སྐྱེས་ཟིན་གནས་པའི་དབང་དུ་བྱས་ནས་ཀུན་ཤེས་ཀྱི་དབང་པོ་བཞག རྣམ་བྱང་གི་འབྲས་བུ་བདེ་འབྲས་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཀུན་ཤེས་ལྡན་པའི་དབང་པོ་བཞག་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:རྣམ་བྱང་ཕྱོགས་ཀྱི་དབང་པོ་བརྒྱད་

|; |@@@ | | }}