80827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་མཁྱེན་ (1)
Part of speech མིང་ཚིག
Definition མདོ། རྣམ་པ་དང་། རྟགས་དང་། མཚན་མ་མ་ལུས་པ་མངོན་སུམ་དུ་མཁྱེན་པ་ཞིག་ལ་རྣམ་མཁྱེན་ཟེར། མཚན་ཉིད་ནི། སེམས་བསྐྱེད་སོགས་ཆོས་བཅུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། དེ་ལ་ཡང་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དང། ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་གཉིས་ལས། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མ་གཟིགས་ཤིང། ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་སྙེད་པ་གཟིགས་པའི་གཟིགས་ངོར་ཇི་ལྟ་བ་མ་གཟིགས་པར་བྱ་དགོས་ཏེ། དེ་གཟིགས་ན་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་ཇི་སྙེད་པ་ལ་ལྟོས་ཏེ་གནས་ལུགས་རྟོགས་པའི་ཚད་མ་དང། ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་ཇི་ལྟ་བ་ལ་ལྟོས་ཏེ་ཀུན་རྫོབ་རྟོགས་པའི་ཚད་མར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། འོ་ན་རྣམ་མཁྱེན་གྱིས་རྣམ་མཁྱེན་དངོས་ཤུགས་གང་ལ་རྟོགས་པ་ཡིན་ཞེ་ན། སྤྱོད་འཇུག་རྣམ་བཤད་སོགས་སུ་རྣམ་མཁྱེན་གྱིས་རྣམ་མཁྱེན་ཤུགས་ལ་རྟོགས་པར་གསུངས་ཤིང། དེ་ལྟར་བཞེད་པ་མང་དུ་ཡོད་ཀྱང། རང་གི་ལུགས་ནི། འཇུག་པའི་ཊཱིཀ་ཆེན་དུ་རྣམ་པ་མ་ཤར་བར་ཡུལ་རྟོགས་པ་འདི་པའི་ལུགས་ལ་མེད་པ་རིགས་པ་དྲུག་ཅུ་པའི་འགྲེལ་པར། གསལ་བར་གསུངས་པས། རྣམ་མཁྱེན་གྱིས་རྣམ་མཁྱེན་གྱི་རྣམ་པ་ཤར་བའི་སྒོ་ནས་དངོས་སུ་རྟོགས་པར་འདོད་དོ། །ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །
Domain ཆོས་ལུགས།

{{#arraymap:རྣམ་མཁྱེན་

|; |@@@ | | }}

རྣམ་མཁྱེན་ (2)
Part of speech མིང་ཚིག
Definition སེམས་བསྐྱེད་སོགས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་མཁྱེན་པ། དབྱེ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི། སོ་སོར་རྟོག་པའི། བྱ་བ་གྲུབ་པའི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྔར་ཡོད།

{{#arraymap:རྣམ་མཁྱེན་

|; |@@@ | | }}

རྣམ་མཁྱེན་ (3)
Part of speech མིང་ཚིག
Definition ཕར་ཕྱིན་ཉ་ཊཱིཀ་ལས། མདོ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་པ་ལྟར་མཚན་ཉིད་ནི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་དོན་གཉིས་མཐར་ཐུག་པ་སྟེ། འཕགས་སེང་གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྟེན་ཅན་ཉེས་སོགས་སྔར་བཤད་པ་ལྟར་རོ། །དབུ་མ་རྒྱན་དུ། ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས། །ཞེས་སོགས་མང་དུ་ཤེས་པར་བྱའོ། །མཚོན་བྱ་ནི། ཆོས་ཐམས་ཅད་ཀྱི་རྣམ་རྟོག་མཚན་མའམ། ཇི་ལྟ་ཇི་སྙེད་པའི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པ་ཉིད་དེ་རབ་འབྱོར་རྣམ་པ་གང་དག་ཅེས་སོགས་ལྟར་རམ། ཡེ་ཤེས་མ་འདྲེས་པ་གསུམ་འཆད་པ་ལྟར་རོ། །མཚན་གཞིའམ་དབྱེ་བ་ནི། ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་མཉམ་བཞག་དང་། ཆོས་ཅན་ཇི་སྙེད་པ་མཁྱེན་པའི་རྗེས་ཐོབ་གཉིས་ཏེ། བདེན་གཉིས་ལས། གང་ཚེ་ཤེས་དང་ཤེས་བྱ་དག། །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་དང་། ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་ལས། དང་པོ་རྣམ་མཁྱེན་ལ་གསུམ། མཚན་ཉིད་དབྱེ་བ་ས་མཚམས་སོ། །དང་བོ་ནི། ཆོས་ཐམས་ཅད་ཀྱི་རྣམ་པ་སྟེ། རང་བཞིན་ནམ་ཆོས་ཉིད་མངོན་སུམ་གྱིས་རྟོགས་པ་གང་ཞིག་དོན་གཉིས་མཐར་ཐུག་པའོ། །གཉིས་པ་ནི་སྟོབས་བཅུའོ། །ཡེ་ཤེས་བཞི་ལ་སོགས་པའོ། །གསུམ་པ་ནི་རྣམ་མཁྱེན་དང། ཆོས་སྐུ་དང་། ཤེར་ཕྱིན་ལ་སོགས་པ། ཆོས་ཉིད་ཀྱི་ཚུལ་གྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པའོ། །

{{#arraymap:རྣམ་མཁྱེན་

|; |@@@ | | }}

རྣམ་མཁྱེན་ (4)
Part of speech མིང་ཚིག
Definition སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་ཡེ་ཤེས་གང་ཞིག བཅོམ་ལྡན་འདས་ཀྱི་བཞེད་དོན་ཐམས་ཅད་སྒྲུབ་པར་ནུས་པ་དེའོ། དེས་ན། ཆོས་བཅུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་ཡེ་ཤེས་རྣམ་མཁྱེན་གྱི་མཚན་ཉིད་དུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་རྟོགས་པ་ན། ཐེག་ཆེན་གྱི་ལམ་སྤྱིའི་ལུས་བློ་ཡུལ་དུ་འཆར་བ་དགོས་སོ་ཞེས་གོ་བའི་དགོས་པ་ཡོད་པའི་ཕྱིར། དེ་ལྟར་ཡང༌། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། ཅེས་གསུངས་སོ། རྒྱས་པར་དབྱེ་ན། ཟག་མེད་ཀྱི་ཡེ་ཤེས་སྡེ་ཆེན་ཉེར་གཅིག དེ་བསྡུ་ན། ཡེ་ཤེས་རྣམ་པ་ལྔ། དེ་བསྡུ་ན། སངས་རྒྱས་ཀྱི་མཉམ་རྗེས་གཉིས་སམ། ཇི་ལྟ་ཇི་སྙེད་མཁྱེན་པའི་རྣམ་མཁྱེན། གཉིས་སམ། རྒྱུ་འབྲས་གཙོ་བོའི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་དང༌། ཤེས་བྱའི་རྣམ་པ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་གཉིས་སུ་ཡང་དབྱེ་རུང་ངོ༌། ས་མཚམས་ནི། སངས་རྒྱས་ཀྱི་ས་ཁོ་ན་ན་བཞུགས། མཁྱེན་ཚུལ་ནི། སངས་རྒྱས་ཀྱི་མཁྱེན་པ་སྐད་ཅིག་མ་གཅིག་གིས་ཀྱང༌། ཤེས་བྱ་ཐམས་ཅད་དུས་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་རྟོགས་ཏེ། དེའི་མཐུན་རྐྱེན་ཚང་ཞིང༌། འགལ་རྐྱེན་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟད་པར་སྤངས་པའི་ཕྱིར། དེས་ན་སངས་རྒྱས་ཀྱི་མཁྱེན་པ་གཅིག་ཉིད་སྟོང་པ་ཉིད་ལ་གཉིས་སྣང་ནུབ་པའི་ཆ་ནས་མཉམ་གཞག་ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་དང༌། ཀུན་རྫོབ་པའི་ཆོས་རྣམས་ལ་གཉིས་སྣང་དང་བཅས་པའི་སྒོ་ནས་རྗེས་ཐོབ་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་དུ་བཞག་པར་བྱ་བ་ཡིན་ཏེ། རྣམ་མཁྱེན་སྒྲིབ་པས་རྣམ་པར་དག་པ། དེ་ལ་གནས་ལུགས་གསལ་བར་སྣང་བ། ཀུན་རྫོབ་མཐའ་ཡས་པ་ལ་རྣམ་མཁྱེན་གྱི་གཟིགས་པ་འཇུག་པ་རྣམས་ནི་ངོ་བོ་གཅིག་ཡིན་པའི་ཕྱིར།
Example ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ། དེའི་འོད་གསལ་བ། དེའི་འོད་ཟེར་གྱི་དྲ་བ་ཕྱོགས་བཞིར་འཕྲོ་བ་རྣམས་ངོ་བོ་གཅིག་ཡིན་པ་བཞིན།

{{#arraymap:རྣམ་མཁྱེན་

|; |@@@ | | }}

རྣམ་མཁྱེན་ (5)
Part of speech མིང་ཚིག
Definition སེམས་བསྐྱེད་སོགས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་མཁྱེན་པ། དེ་ལ་དབྱེ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྔར་ཡོད།

{{#arraymap:རྣམ་མཁྱེན་

|; |@@@ | | }}