80830

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་མཁྱེན་གྱི་རྣམ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་རྣམ་དང་ཤེས་རྣམ་གང་རུང་ཞིག་ལ་རྣམ་མཁྱེན་གྱི་རྣམ་པ་ཞེེས་ཟེར། དེ་ལ་སྡེ་ཚན་གསུམ་དུ་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། སློབ་མ་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པ་རིམ་པ་བཞིན་དུ་སུམ་ཅུ་རྩ་བདུན་དང༌། བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པ་སུམ་ཅུ་སོ་བཞི། སངས་རྒྱས་རྣམས་ཁོ་ན་ལ་ཡོད་པ་སུམ་ཅུ་རྩ་དགུ་དག་ཏུ་བཞེད་པའི་ཕྱིར། རྣམ་མཁྱེན་ཉིད་ལ་གསུམ་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། གང་ཟག་གསུམ་གྱི་རྒྱུད་ལ་ཡོད་པའི་ལམ་གྱི་བདེན་པའི་རྗེས་སུ་མཐུན་པར་ཀུན་མཁྱེན་གསུམ་དུ་ཕྱེ་བས་ན་གསུམ་ཡོད་པའི་ཕྱིར། གསུམ་པ་ནི། དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པ་རྣམས་ནི་ཆོས་ཅན། རིགས་གསུམ་དུ་ཡོད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ལམ་ཡིན་པའི་སྒོ་ནས་གྲངས་བཞིན་དུ་ཉན་ཐོས་རྣམས་ལ་རྣམ་པ་སུམ་ཅུ་རྩ་བདུན་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་སུམ་ཅུ་རྩ་བཞི་དང༌། སངས་རྒྱས་རྣམས་ལ་སུམ་ཅུ་རྩ་དགུར་ཡོད་པ་དང་རྗེས་སུ་མཐུན་པར་བརྒྱ་དང་བཅུར་བཞེད་དོ་ཞེས་བྱ་བ་ཡིན་པའི་ཕྱིར། སྡེ་ཚན་གསུམ་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་གྱི་རིགས་རྣམས་ཡར་ལྡན་གྱི་ཚུལ་དུ་བསྡུས་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:རྣམ་མཁྱེན་གྱི་རྣམ་པ་

|; |@@@ | | }}