80834

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་མཁྱེན་གྱི་ཤེས་རྣམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད། གཞི་ལམ་གྱི་སྟེང་དུ་རྣམ་པའི་གནས་ལུགས་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་འཛིན་སྟངས་ཀྱི་ཁྱད་པར། དབྱེ་ན་ཉན་ཐོས་ཀྱི་གཞི་ཤེས་དང་རྗེས་མཐུན་གྱི་རྣམ་མཁྱེན་གྱི་རྣམ་པ། བྱང་སེམས་ཀྱི་ལམ་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ། སངས་རྒྱས་ཀྱི་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་དང་གསུམ་མོ་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །སྐབས་དང་པོར་རྣམ་མཁྱེན་ཐོས་བསམ་གྱིས་རྒྱས་པར་གཏན་ལ་ཕབ་པ་དེ་ཉིད་སྒོམ་བྱུང་གིས་སྒོམ་པའི་ཚེ་རྣམ་པ་བརྒྱ་དང་བཅུར་བསྡུས་ནས་བསྒོམ་དགོས་སོ་ཞེས་པའི་དོན་ཏོ། །དེ་ལྟར་བརྒྱ་དང་བཅུ་ལས། བྱང་སེམས་སོ་སྐྱེའི་རྒྱུད་ལ་ཡོད་པ་རྣམས་ནི་རྣམ་པ་དེ་དག་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཙམ་ཡིན་པས་རྣམ་མཁྱེན་གྱི་རྣམ་པ་དངོས་མ་ཡིན་ནོ། །ཉན་ཐོས་དང། བྱང་འཕགས་ཀྱི་རྒྱུད་ལ་ཡོད་པའི་གཞི་ཤེས་དང་རྗེས་སུ་མཐུན་པའི་སོ་བདུན། ལམ་ཤེས་དང་རྗེས་སུ་མཐུན་པའི་སོ་བཞི་རྣམས་ཀྱང་རྣམ་མཁྱེན་གྱི་རྣམ་པ་དངོས་མ་ཡིན་ཏེ། རྣམ་མཁྱེན་གྱི་རྣམ་པ་ཡིན་ན། རྣམ་མཁྱེན་ཡིན་དགོས་པའི་ཕྱིར་རོ། །ཞེས་དང། འོ་ན་བདེན་བཞི་གང་གི་རྣམ་པ་ཡིན་ཞེ་ན། བདེན་བཞིའི་ནང་ནས་ལམ་བདེན་གྱི་རྣམ་པ་ཡིན་ནོ་ཞེས་པ་ནི། ལམ་གྱི་བདེན་པའི་ཞེས་པས་སྟོན། རྣམ་མཁྱེན་གྱི་རྣམ་པ་སངས་རྒྱས་ཀྱི་སར་བཞག་པ་ན་སངས་རྒྱས་ཀྱི་སར་མཁྱེན་པ་གཞན་གཉིས་མེད་དམ་སྙམ་པའི་ལོག་རྟོག་འབྱུང་བས་དེ་དགག་པའི་ཆེད་དུ་རྣམ་མཁྱེན་གྱི་རྣམ་པ་ཉིད་ལ་ཡང་མཁྱེན་པ་གསུམ་དུ་ཕྱེ་བའོ། །དེས་ན་སངས་རྒྱས་ཀྱི་སར་མཁྱེན་པ་གསུམ་ཀ་ཡོད་པ་གཞུང་འདིས་གྲུབ་སྟེ། བྱང་ཆུབ་སེམས་དཔས་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚེ་ཡང་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ། རྣམ་པར་བསྡུ་བའི་ཚེ་ཡང་མཁྱེན་གསུམ་གྱི་རྣམ་པ་གསུམ་དུ་བསྡུས། སྦྱོར་བས་སྒོམ་པའི་ཚེ་ཡང་མཁྱེན་གསུམ་གྱི་སྦྱོར་བས་བསྒོམས་པས་འབྲས་བུ་མཐར་ཐུག་པའི་ཚེ་མཁྱེན་གསུམ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་མཁྱེན་གྱི་ཤེས་རྣམ་

|; |@@@ | | }}

རྣམ་མཁྱེན་གྱི་ཤེས་རྣམ་ (2)
Part of speech མིང་ཚིག
Definition རྣམ་མཁྱེན་གྱི་འཛིན་སྟངས་ཀྱི་བྱེ་བྲག་དེ། རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད། ཡང་ན། ཐེག་པ་གསུམ་གྱི་རྟོགས་རིགས་ཡར་ལྡན་དུ་བསྡུས་པ་མཐར་ཐུག་པའི་འཛིན་སྟངས་དེ། རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་དང། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་གཉིས། འདིར་རྣམ་མཁྱེན་གྱི་ཤེས་རྣམ་དངོས་ནི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དེ་ཉིད་ཡིན་ལ། རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་ཤེས་རྣམ་ནི། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་བྱང་ཕྱོགས་སོ་བདུན་པོ་དེ་ཉིད་ཡིན་ཞིང་། ཉན་རང་གི་རྒྱུད་ལ་ཡོད་པའི་བྱང་ཕྱོགས་སོ་བདུན་ནི། སངས་རྒྱས་ཀྱི་སོ་བདུན་པོ་དེ་དང་རྗེས་སུ་མཐུན་པར་སྟོན་པའི་རྣམ་གསལ་གྱི་དཔེ་ཙམ་ཡིན་གྱི། ཤེས་རྣམ་དངོས་དང་། བསྒོམ་བྱ་ཤེས་རྣམ་གཉིས་ཀ་མིན་ཞིང། རྣམ་མཁྱེན་ཀྱི་ཤེས་རྣམ་རྗེས་མཐུན་པ་ཡང་མིན་ཏེ། རྣམ་མཁྱེན་གྱི་འཛིན་སྟངས་ཀྱི་གཙོ་བོ་དང་རྗེས་སུ་མཐུན་པ་མེད་པའི་ཕྱིར་རོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །

{{#arraymap:རྣམ་མཁྱེན་གྱི་ཤེས་རྣམ་

|; |@@@ | | }}