80835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་མཁྱེན་གྱི་ཤེས་རྣམ་བརྒྱ་དང་བཅུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣམ་མཁྱེན་གྱི་ཤེས་རྣམ་ལ་བརྒྱ་དང་བཅུ་ཡོད་དེ། ཉན་ཐོས་དང་རྟོགས་རིགས་སམ་སྡེ་ཚན་ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་བདུན། བྱང་སེམས་དང་སྡེ་ཚན་ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་བཞི། འཕགས་པ་འོག་མ་དང་སྡེ་ཚན་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་དགུ་རྣམས་སུ་ཡོད་པའི་ཕྱིར་ཏེ། དྲན་པ་ཉེར་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང། །སངས་རྒྱས་རྣམས་ལ་རིམ་བཞིན་དེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་རྩ་དགུ་དག་ཏུ་བཞེད། །ཅེས་གསུངས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:རྣམ་མཁྱེན་གྱི་ཤེས་རྣམ་བརྒྱ་དང་བཅུ་

|; |@@@ | | }}