80838

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་མཁྱེན་སྦྱོར་བའི་མཚོན་ཚུལ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དམིགས་པའི་ངོ་བོ་ཉིད་ལ་སོགས་པ་བདུན་མཚན་གཞི། རྣམ་མཁྱེན་གྱི་སྦྱོར་བ་ཡིན་པར་མཚོན། མཐོང་ཆོས་ལ་བདེར་གནས་ཤེས་པ་སོགས་རྣམ་པའི་གནས་ལུགས་རྟོགས་པའི་རྟོགས་པ་དང། རྟེན་གྱི་མཛད་པ་གཅིག་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། རྣམ་མཁྱེན་གྱི་སྦྱོར་བ་མཚན་གཞི། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བ་ཡིན་པར་མཚོན། མཚན་ཉིད་ནི། བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་རྟོགས་པས་ཁྱད་པར་དུ་བྱས་པའི་སེམས་དཔའི་རྣལ་འབྱོར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་མཁྱེན་སྦྱོར་བའི་མཚོན་ཚུལ་

|; |@@@ | | }}