80844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་འགྱུར་གྱི་རྒྱུ་ (1)
Part of speech མིང་ཚིག
Definition རྒྱུའི་རྒྱན་གྱི་ནང་གསེས་གསུམ་པ་སྟེ། བསྒྱུར་བྱ་དངོས་པོ་ཡིད་དུ་འོང་བ་དེ། བྱེད་པ་པོའི་འདོད་པའི་རྒྱུས་ཡིད་དུ་མི་འོང་བར་བསྒྱུར་ནས་འབྲས་བུ་མི་འདོད་པའི་དངོས་པོར་གྱུར་པ་ལྟ་བུ་བརྗོད་པའི་ཚིག་ལ་ཟེར།
Example བོད་མཁས་པས། རིན་ཆེན་གཞལ་མེད་ཁང་དང་རྩེ་བའི་ནགས། །ལུས་ཕྲ་མ་རྣམས་འཇོ་སྒེག་རོལ་བའི་གར། ། བསམ་གྱིས་མི་ཁྱབ་དཔལ་དང་འབྱོར་བའི་སྡེ། །ངེས་འབྱུང་རྒྱས་ལ་གཤིན་རྗེའི་ཚལ་འདྲར་སྣང་། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:རྣམ་འགྱུར་གྱི་རྒྱུ་

|; |@@@ | | }}