80848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་ (1)
Part of speech མིང་ཚིག
Definition གཞུང་མཚན་རྒྱས་པ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ། མཛད་པ་པོ་ནི་ཇོ་ནང་བ་གཉག་བསོད་ནམས་བཟང་པོ། འགྲེལ་བྱའི་གཞུང་ནི། ཚད་མ་རྣམ་འགྲེལ་ཡིན་ལ། དེ་ཡང་ཇོ་ནང་ཉ་དཔོན་ཀུན་དགའ་དཔལ་གྱི་རྣམ་འགྲེལ་རྒྱས་འགྲེལ་ཡིད་ཀྱི་མུན་སེལ་གྱི་དགོངས་པ་ལྟར་དེ་ལས་ཚིག་བསྡུས་དོན་རྫོགས་ཀྱི་སྒོ་ནས་བླངས་ཏེ་བཀྲལ་བ་ཞིག་སྟེ། གཞུང་དེའི་དབུར། དྷརྨཱ་ཀིརྟི་གཉིས་པ་ཀུན་དགའ་དཔལ། །དེས་མཛད་ཡིད་ཀྱི་མུན་སེལ་སྙིང་བོ་བླངས། །ཚིག་བསྡུས་དོན་རྫོགས་རིན་ཆེན་ཕྲེང་བ་འདི། །དོན་གཉེར་སློབ་མའི་བསྐུལ་ཕྱིར་འདིར་འགོད་བྱ། །ཞེས་བྱུང་། མཛད་པའི་ཡུལ་ལོ་དུས་གཞུང་དེར་བཀོད་མེད་ཀྱང། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་སུ། བརྒྱད་བཅུ་པ་ལ་རྣམ་འགྲེལ་གྱི་ཏཱིཀྐ་མཛད་ཅེས་གསུངས་པ་ལྟར་ན་ཕྱི་ལོ་༡༤༢༠ དང་། རབ་བྱུང་བདུན་པའི་དཀྱིལ་ལྕགས་ཕོ་བྱི་བའི་ལོ་ལ་ཁེལ་འདུག

{{#arraymap:རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་

|; |@@@ | | }}