8085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་པའི་རུས་སྦལ་ (1)
Part of speech མིང་ཚིག
Definition འབྱུང་རྩིས་རིག་པའི་རྒྱུད་སྡེ་རྣམས་སུ་གསུངས་པའི་རུས་སྦལ་རྣམ་ལྔའི་ཡ་གྱལ་ཞིག་སྟེ། དུས་གསུམ་འདུ་བྲལ་དང་། མགོ་འཇུག་འདིར་བལྟ། ཡན་ལག་འདིར་བསྟན། དུས་འདིར་གནས་བཅས་ངེས་པ་མེད་པའི་རུས་སྦལ་སངས་རྒྱས་དང་། སེམས་ཅན། སྐུ་གསུམ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་ཀྱི་སྤྲུལ་བ། ཕོ་མོ་མ་ནིང་སོགས་མཐའ་གཅིག་ཏུ་བཟུང་དུ་མེད་པའི་ཁྱད་འཕགས་ཞིག་ཡིན་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་དེ་ལས་བྱུང་བར་བཤད།
Domain རྩིས་རིག

{{#arraymap:གནས་པའི་རུས་སྦལ་

|; |@@@ | | }}