80852

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་འཇོམས་ཀྱི་ཆོ་ག་ (1)
Part of speech མིང་ཚིག
Definition བོན། ཁྲོ་བོ་རྣམ་པར་འཇོམས་པའི་ཆོ་ག་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་(འཁྲུངས་འདས་ཕྱི་ལོའི་སྔོན(༡༦༠༡༧-༧༨༡༧)གིས། རྟག་གཟིགས་ཀྱི་ཡུལ། ནེ་སེང་དྲ་བའི་གྲོང་ཁྱེར་ན་རྒྱལ་པོ་འོད་ལྡན་དུང་སྐྱོང་ཞེས་བྱ་བ་ཞིག་བྱུང་བས། དེའི་ཆེད་དུ་གསུངས་པ་ལ། རྒྱལ་པོ་དེ་ནི་ཤིན་ཏུ་ང་རྒྱལ་དང་ཁྲོ་གཏུམ་ཆེན་པོ་ཞིག་སྟེ། དམག་དཔོན་ཚོགས་མང་པོ་བཅས་ནས། བསད་བཅད་གདུག་རྩུབ་ཀྱི་ལས་ཁོ་ནས་བྱེད་ཅིང་། ཡེ་ཤེས་ལྷ་དང་། འཇིག་རྟེན་པའི་ལྷ་ལ་སོགས་ལ་ལོག་པར་བལྟས། རི་གཉན། མཚོ་གཉན། ཤིང་གཉན་བཅས་མདོར་ན་ཕྱི་འཁོར་ཡུག་གི་ས་བདག་སོགས་ལ་འཕོབ་དུག་བསམ་ལས་འདས་པར་ཞིག་བྱེད་རྐྱེན། རྒྱལ་ཁམས་ལ་མི་མཐུན་པའི་ནད་ཡམས་དང་། མུག་གེ། འཁྲུག་པ་སོགས་ཀྱིས་མངའ་རིས་ཐམས་ཅད་མི་བདེ་བྱུང་ཡོད། རྒྱལ་པོ་ལ་ཡང་ལྷ་ཡི་བཀའ་ཆད་དང་། སྲུང་མའི་དབུ་ཡོག། སྡེ་བརྒྱད་སོགས་ཀྱིས་གནོད་པ་དངོས་སུ་བསྐྱེལ་བས། རྒྱལ་པོ་འདུ་བ་རྣམ་བཞིའི་ཁ་འཁྲུགས་ནས། ནད་སུམ་བརྒྱ་དྲུག་ཅུ། རྐྱེན་ཉི་ཁྲི་ཆིག་སྟོང་། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འགྲོག་སུམ་བརྒྱ་དྲུག་ཅུ་སོགས་ཀྱིས་གདུང་ནས་ཤིན་ཏུ་ཉམ་ཐག་པར་གྱུར་ཡོད། སྐབས་དེ་དུས་རྒྱལ་པོ་ལ་མོ་བོན་སྨན་རྩིས་བཞིའི་སྒོ་ནས་ཐབས་ཤེས་ཇི་ལྟར་འབད་ཀྱང་མ་ཕན་ནོ། །དེའི་ཚེ་བློན་པོ་བདེ་བ་འཁོར་ལོ་ཅན་ཞེས་བྱ་བ་དེའི་ཐབས་ཤེས་དང་། གཤེན་པོ་དོན་ལྡན་ཡེ་ཤེས་འབྱུང་གནས་ཀྱིས་ལུང་སྟོན་པ་ལ་བརྟེན། གནས་མཆོག་འོལ་མོ་གླིང་ནས་སྟོན་པའི་སྒྲོན་མ་ཉིད་དང་གཤེན་ཕྲན་འཁོར་མང་པོ་རྒྱལ་ས་རུ་གདན་འདྲེན་ཞུས་སོ། །དེའི་ཚེ་དེའི་དུས་ན། རྒྱལ་འཁོར་བར་ཆད་ཞི་ཕྱིར་དུ། སྟོན་པས་ཏིང་ངེ་འཛིན་ལས་ཁྲོ་བོ་རྣམ་པར་འཇོམས་པའི་སྐུ་དང་། དེའི་འཁོར་ཁྲོ་བོ་བཅུ་བཞེངས་ཞིང་། དྲག་པོའི་གཟུངས་སྔགས་ཀྱི་སྒྲ་སྒྲོགས་པས། ཁྲོ་ཚོགས་རྣམས་ཀྱི་ཐུགས་ལས་མེ་རི་མཚོན་ཆ་སྐར་ལྟར་འཁྲུགས་ནས། གནོད་བྱེད་གདོན་རིགས་འདུག་པའི་བཟོད་རླགས་མེད་པ་རང་རང་གནས་སུ་དེངས་སོ། །དེ་ནས་བར་ཆད་རྣམས་ཞི་རྗེས་སུ་སྟོན་པས་རྫུ་འཁྲུལ་སྐུ་བཤིགས་ཏེ། རིན་པོ་ཆེའི་བུམ་པར་བདུད་རྩིའིི་ཆུ་དང་ཕོ་དམར་ལ། སྨན་སྤོས་བཏབས་ནས་ཏིང་ངེ་འཛིན་དང་། གཟུངས་སྔགས་ཀྱིས་བྱིན་གྱིས་རླབས་ནས། རྒྱལ་པོ་དང་འཁོར་རྣམས་ལ་ཁྲུས་བགྱིས་པས། མི་མཐུན་ནད་རིགས་སོགས་དག་ཅིང་སྦྱངས་བར་མཛད་དོ། །དེ་ལྟར་མཛད་པ་ལ་བརྟེན་ནས་འཁོར་གྱིས་སྟོན་པས་བགྱིས་པ་འདི་ནི་མདོ་སྡེ་གང་གི་ཁོངས་སུ་འདུས་ཚུལ་དང་། རྫས་དང་ཆོ་གའི་ལས་རིམ་ལ་འཇུག་ཚུལ་སོགས་ཞུས་པས། སྟོན་པས་ཀྱང་ཞུ་འཁོར་རྣམས་ཀྱིས་ཞུ་བར་བརྟེན་ཁྲོ་བོ་རྣམ་པར་འཇོམས་པའི་རྫས་དང་ཆོ་གའི་གོ་རིམ་མ་ནོར་པར་གསུངས་སོ། །ཆོ་ག་འདི་ཉིད་ཕྱིས་སུ་དུས་རབས་བཅུ་བཞིའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོ་(འཁྲུངས་ལོ་སྤྱི་ལོ་༡༣༦༠)ལ་སྙན་དུ་རྒྱུད་ཡོད། རྒྱས་པར༼མདོ་དྲི་མེད་གཟི་བརྗིད་༽པོད་དྲུག་པ་ལ་གཟིགས།
Domain ཆོས་ལུགས།

{{#arraymap:རྣམ་འཇོམས་ཀྱི་ཆོ་ག་

|; |@@@ | | }}