80855

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གྲགས་པ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་བླ་མ་མཻ་ཏྲི་པས་མཛད་པའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གྲགས་པ། ཆོས་ཚན་འདི་བུ་སྟོན་དཀར་ཆག་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་ཆོས་ཚན་བརྒྱ་རྩ་བརྒྱད་བགྲངས་འདུག་པ་དང་། འདི་དག་གི་མཛད་པ་པོའང་སློབ་དཔོན་པདྨ་འབྱུང་གནས་དང་། སློབ་དཔོན་ཡེ་ཤེས་རྡོ་རྗེ། སློབ་དཔོན་དཔལ་མར་མེ་མཛད་རྣམས་སོ་སོར་ཡིན་ནའང་། བསྟན་འགྱུར་དཔེ་བསྡུར་མ་ལ་དེབ་སོ་བརྒྱད་པའི་དཀར་ཆག་གི་ཟུར་མཆན་དུ་སྒྲུབ་ཐབས་འདི་དག་རྡོ་རྗེ་རྣམ་པར་འཇོམས་པའི་གཞུང་གཅིག་གི་ཡན་ལག་ཡིན་པ་དང་། གཞུང་རང་གི་མཆོད་བརྗོད་ཀྱི་མཚམས་དང་མཐར་ཐེམ་ཡིག་ལས་ཀྱང་ཆོས་ཚན་གཅིག་གི་ཚིག་ཟིན་འབྱུང་བས། འདིར་ཆོས་ཚན་གཅིག་བྱས་ཏེ་བསྒྲིགས་ཤིང་སྒྲུབ་ཐབས་བརྒྱ་རྩའི་རིམ་པ་ས་བཅད་ཀྱིས་གསལ་བར་བྱས་ཡོད་ཅེས་ཆོས་ཚན་གཅིག་བྱས་ཏེ་བསྒྲིགས་འདུག པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་ཐེམ་ཡིག་གི་མཐར་དྷརྨ་ཀཱིརྟི་བྷ་དྲས་ཡང་ཞུས་བྱས་སོ། ། ཞེས་འཁོད། བསྟན་འགྱུར་རྒྱུད་པུ་པར་བཞུགས།

{{#arraymap:རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གྲགས་པ་

|; |@@@ | | }}

རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གྲགས་པ་ (2)
Part of speech མིང་ཚིག
Definition སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གྲགས་པ། ཆོས་ཚན་འདི་བུ་སྟོན་དཀར་ཆག་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་ཆོས་ཚན་བརྒྱ་རྩ་བརྒྱད་བགྲངས་འདུག་པ་དང་། འདི་དག་གི་མཛད་པ་པོའང་སློབ་དཔོན་པདྨ་འབྱུང་གནས་དང་། སློབ་དཔོན་ཡེ་ཤེས་རྡོ་རྗེ། སློབ་དཔོན་དཔལ་མར་མེ་མཛད་རྣམས་སོ་སོར་ཡིན་ནའང་། བསྟན་འགྱུར་དཔེ་བསྡུར་མ་ལ་དེབ་སོ་བརྒྱད་པའི་དཀར་ཆག་གི་ཟུར་མཆན་དུ་སྒྲུབ་ཐབས་འདི་དག་རྡོ་རྗེ་རྣམ་པར་འཇོམས་པའི་གཞུང་གཅིག་གི་ཡན་ལག་ཡིན་པ་དང་། གཞུང་རང་གི་མཆོད་བརྗོད་ཀྱི་མཚམས་དང་མཐར་ཐེམ་ཡིག་ལས་ཀྱང་ཆོས་ཚན་གཅིག་གི་ཚིག་ཟིན་འབྱུང་བས། འདིར་ཆོས་ཚན་གཅིག་བྱས་ཏེ་བསྒྲིགས་ཤིང་སྒྲུབ་ཐབས་བརྒྱ་རྩའི་རིམ་པ་ས་བཅད་ཀྱིས་གསལ་བར་བྱས་ཡོད་ཅེས་ཆོས་ཚན་གཅིག་བྱས་ཏེ་བསྒྲིགས་འདུག པེ་ཅིང་། སྣར་ལ་ཐེམ་ཡིག་གི་མཐར་དྷརྨ་ཀཱིརྟི་བྷ་དྲས་ཡང་ཞུས་བྱས་སོ། །ཞེས་འཁོད། བསྟན་འགྱུར་རྒྱུད་ནུ་པར་བཞུགས།

{{#arraymap:རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གྲགས་པ་

|; |@@@ | | }}