80863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་འདྲེན་སྟོང་གི་པདྨོ་ (1)
Part of speech མིང་ཚིག
Definition བསྐལ་བཟང་འདིའི་བྱང་སེམས་རྣམས་ཀྱིས་ཞིང་ཡོངས་སུ་སྦྱོང་བའི་སྨོན་ལམ་གྱི་མཐུ་དང་། འགྲོ་བ་རྣམས་ཀྱི་ལས་མཐུན་པ་དག་ལས། བསྐལ་བ་སྔ་མ་རྫོགས་པའི་འོག་ཏུ་སྟོང་བསྐལ་བར་བསྐལ་ཉི་ཤུའི་ཡུན་འདས་ནས། ཕྱོགས་བཅུ་སོ་སོ་ནས་རླུང་ལངས་པ་ན་ཕན་ཚུན་ཤུགས་ཆེན་པོས་བརྡབ་ཅིང་འཕུལ་བ་ལ་བརྟེན་ནས་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པར་སྲ་ཞིང་ཤིན་ཏུ་འཐས་པའི་རླུང་དཀྱིལ་རྒྱ་གྲམ་དུ་ཆགས་པའི་སྟེང་དུ་མ་མཁར་སྤྱིན་སྟུག་པོ་གསེར་གྱི་གཉའ་ཤིང་ལྟ་བུ་ཆགས་པ་ལས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་ནས་ཐིགས་པ་སྦོམ་པོའི་བར་དུས་རིང་བར་བབ་པའི་རྐྱེན་གྱིས་རླུང་གིས་བསྐྱོད་པའི་ཆུའི་ཕུང་པོ་ཆེན་པོར་གནས་པའི་དབུས་ནས་གསེར་གྱི་པདྨོ་སྟོང་ཤར་བ་གནས་གཙང་མའི་ལྷ་རྣམས་ཀྱིས་མཐོང་བ་ན་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ནས་ཨེ་མའོ་འདི་ནི་བསྐལ་པ་བཟང་པོ་ཞིག་གོ ། ་ཞེས་ཆེད་དུ་བརྗོད་པས་བསྐལ་པ་བཟང་པོར་གྲགས་སོ་ཞེས་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་གསུངས་ཤིང་། ཡེ་ཤེས་རྒྱས་པའི་མདོ་ལས་བསྐལ་པ་འདི་ལ་བསྐལ་པ་པདྨ་སྟོང་མཐོང་དུ་གསུངས་པའང་དེ་དང་མཐུན་ནོ། །
Domain ཆོས་ལུགས།

{{#arraymap:རྣམ་འདྲེན་སྟོང་གི་པདྨོ་

|; |@@@ | | }}