80864

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་འཕེལ་གྱི་རྩེ་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། རྩེ་སྦྱོར་གྱི་བསོད་ནམས་རྣམ་པར་འཕེལ་ཚུལ་བཅུ་དྲུག་པོ་གང་རུང་ཐོབ་པའི་སེམས་དཔའི་རྣལ་འབྱོར་རོ། །ས་མཚམས་ནི། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་ནས་ས་བཅུའི་རྒྱུན་མཐའི་བར་ན་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། རྩེ་མོའི་བསོད་ནམས་ཀྱི་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནིའོ། །ཅིའི་ཕྱིར་རྣམ་པར་འཕེལ་བ་ཞེས་བརྗོད་ཅེ་ན། མེ་ཏོག་ལ་སོགས་པས་འཛམ་བུ་གླིང་ལ་སོགས་པའི་སེམས་ཅན་ཇི་སྙེད་ཀྱིས་སངས་རྒྱས་ལ་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་པོ་དང་པོར་བསྟན་པ་དཔེར་མཛད་ནས་བསོད་ནམས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་སོ། །འདིས་སྔ་མ་སངས་རྒྱས་ལ་མཆོད་པ་སོགས་དཔེར་བསྟན་ནས་སྤྱིར་བསོད་ནམས་གོང་ནས་གོང་དུ་འཕེལ་བར་བསྟན་གྱི་བཅུ་དྲུག་པོ་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འཕགས་པར་བསྟན་པ་མ་ཡིན་ཏེ། དེ་ལྟར་དུ་བསྟན་མི་ནུས་པའི་ཕྱིར་རོ། །བཅུ་དྲུག་གང་ཞེ་ན། ཕྱི་གཙོ་བོར་གྱུར་པའི་བསོད་ནམས་རྣམ་པ་བརྒྱད་དང་། ནང་གཙོ་བོར་གྱུར་པའི་བསོད་ནམས་གཞན་རྣམ་པ་བརྒྱད་དོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། མདོ་ལས་རྣམ་འཕེལ་བཅུ་དྲུག་གིས་མཚོན་ནས་དངོས་སུ་བསྟན་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ། རྣལ་འཕེལ་རྩེ་སྦྱོར་གྱི་མཚན་ཉིད། དེ་ནི་རྩེ་མོའི་རྩེ་སྦྱོར་དང་དོན་གཅིག་གོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་འཕེལ་གྱི་རྩེ་སྦྱོར་

|; |@@@ | | }}