80874

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་འཚེ་ (1)
Part of speech མིང་ཚིག
Definition མངོན་པ། རྣམ་པར་འཚེ་བ་ཞེས་པ་ནི། སེམས་ཅན་ལ་སྙིང་རྗེ་མེད་པར་མཐོ་འཚམས་པར་འདོད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། རྣམ་པར་འཚེ་བ་གང་ཞེ་ན། ཁོང་ཁྲོ་བའི་ཆར་གཏོགས་པ། སྙིང་བརྩེ་བ་མེད་པ་དང། སྙིང་རྗེ་བ་མེད་པ་དང། བརྩེ་བ་མེད་པ་སྟེ། རྣམ་པར་མཐོ་འཚམས་པའི་ལས་ཅན་ནོ། །ཞེས་གསུངས། འདིར་སྙིང་བརྩེ་བ་མེད་པ་སོགས་རྣམ་གྲངས་གསུངས་པ་ནི། རང་གི་མཐོ་འཚམས་པར་འདོད་པས་སྙིང་བརྩེ་བ་མེད་པ་དང། གཞན་ལ་མཐོ་འཚམས་བྱེད་དུ་འཇུག་པས་སྙིང་རྗེ་བ་མེད་པ་དང། གཞན་གྱིས་དེ་ལྟར་བྱེད་པ་མཐོང་ངམ་ཐོས་ན་རྗེས་སུ་ཡིད་རང་བས་ན་བརྩེ་བ་མེད་པ་ཞེས་བརྗོད་དོ། །
Domain ཆོས་ལུགས།

{{#arraymap:རྣམ་འཚེ་

|; |@@@ | | }}