80881

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རིག་པའི་རང་རིག་གི་ཚད་འབྲས་ (1)
Part of speech མིང་ཚིག
Definition སྔར་ཚད་འབྲས་གཉིས་པའི་སྐབས་སུ་གཟུང་རྣམ་གཞལ་བྱར་བཞག་པ་ཡང་བདེན་བརྫུན་མ་ཕྱེ་བ་ཡིན་ཞིང་། རང་རིག་འབྲས་བུར་བཞག་པ་ཡང་དངོས་བརྟགས་མ་ཕྱེ་བ་ཡིན་པས། རྣམ་བདེན་བརྫུན་གཉིས་ཀའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་གཟུང་རྣམ་སྒྲོ་བཏགས་སུ་བསྒྲུབ་པས་དེ་ལ་ལྟོས་པའི་རང་རིག་བརྟགས་པ་བ་ཡིན་པ་རྣམ་བརྫུན་པའི་ལུགས་བསྒྲུབ་པའོ། །དེ་གསུམ་དོན་ལ་ཐ་དད་དུ་མེད་ཀྱང་འཁྲུལ་ངོར་ཐ་དད་དུ་སྣང་བ་ལ། ཞེས་དང་། དེ་ལ་བློ་ནི་ཡོངས་གཅོད་པ། །ཞེས་སོགས་ཚིགས་བཅད་བཞི་སྟེ། འདི་ནི་གཞུང་གི་སྐབས་རྣམ་བརྫུན་པའི་ཡིན་ཀྱང་། རང་རིག་ཁས་ལེན་པའི་རང་རིག་གི་ཚད་འབྲས་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ཏེ། རིགས་གཏེར་ལས། དེ་ལ་རང་རིག་ཚད་འབྲས་ནི། །རྣམ་གཞག་གྲུབ་མཐའ་ཕལ་ཆེར་མཐུན། །ཞེས་པའི་སྐབས་སུ་འདིའི་གཞུང་ཤེས་བྱེད་དུ་འདྲེན་པར་མཛད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། གཟུང་རྣམ་གཞལ་བྱ་ལ་རང་རིག་མཚན་ཉིད་པའི་ཚད་འབྲས་ནི། ཚུར་མཐོང་གི་རྒྱུད་ཀྱི་ཤེས་པ་རང་གི་བདག་ཉིད་གཞལ་བྱ། དེ་ཉམས་སུ་མྱོང་བ་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུ་ཞེས་པའི་ཚད་འབྲས་ཀྱི་རྣམ་གཞག་འདི་རང་གི་གཞལ་བྱ་ལ་རང་རིག་མཚན་ཉིད་པའི་ཚད་འབྲས་ཡིན་ཏེ། ཚད་མ་དང་འབྲས་བུ་ཤེས་པ་རང་གི་བདག་ཉིད་རྫས་གཅིག་ཏུ་བྱས་ནས་རིག་པའི་ཕྱིར་རོ། །ཞེས་དང་། ཚད་འབྲས་བཞི་པ་འདི། ཐོག་མར་རྣམ་བདེན་རྫུན་དུ་སྔར་གྱི་ཚད་འབྲས་གཉིས་པའི་རང་རིག་གི་ཚད་འབྲས་ལ་དོགས་པ་དཔྱད་སྟེ། གཟུང་འཛིན་རིག་གསུམ་དོན་ལ་ཐ་དད་དུ་མེད་པ་བསྟན། དེ་ནས་རྣམ་བརྫུན་པས་ཁྱད་པར་བཟུང་རྣམ་བདེན་མེད་དུ་སྒྲུབ་ཏེ། རྣམ་བདེན་པ་ལས་ཁྱད་པར་འཕགས་པ་བསྟན། དེ་ནས་རང་རིག་ཁས་ལེན་གྱི་ནང་པའི་གྲུབ་མཐའ་སྨྲ་བ་ཀུན་མཐུན་པར་ཚུར་མཐོང་གི་རྒྱུད་ཀྱི་ཤེས་པ་ཀུན་ལ། ཤེས་པ་རང་གི་བདག་ཉིད་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་ཚད་མ་ཞེས་སོགས་ཀྱི་རང་རིག་གི་ཚད་འབྲས་ཀྱི་རྣམ་གཞག་གྲུབ་པར་བསྟན་པ་ཡིན་ཏེ། རྣམ་འགྲེལ་ལས། དེ་ལྟར་རུང་ཉིད་དེ་ཚད་བདག ། གཞལ་བྱ་རང་རིག་འབྲས་བུ་ཡིན། ཞེས་གསུངས་པའི་ཕྱིར་རོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། །
Domain ཚད་མ།

{{#arraymap:རྣམ་རིག་པའི་རང་རིག་གི་ཚད་འབྲས་

|; |@@@ | | }}