80887

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རྒྱལ་གྱི་རྟེན་གཏོར་ (1)
Part of speech མིང་ཚིག
Definition བོན་གྱི་མདོ་ཕྱོགས་གཏོགས་པའི་རྣམ་རྒྱལ་མཆོད་གཞུང་གི་ཆོ་གའི་རྟེན་གཏོར་རམ་གཙོ་གཏོར་ཡིན་ལ། དེའི་རྒྱུ་དང་བསྲེ་རྫས་སོགས་ནི་གཏོར་མའི་སྐབས་སུ་གསལ། བཅའ་སྟངས་ནི། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། རྟེན་གཏོར་གཙོ་བོ་གཏོར་མ་གྲུ་བཞི་འཕྲག་རྒྱས་རྩེ་རྒྱལ་ལ། ཕྱོགས་བཞིར་ཟུར་གསུམ་རྩེ་དགུ་བཞི་དང། ཟུར་བཞིར་ལྷ་བཤོས་ཟླུམ་པོ་བཞི་དང། མཐའ་རུ་སྐལ་བཟང་སངས་རྒྱས་སེམས་དཔའ་རྣམས་ལ་རིལ་བུ་གྲངས་མང་གིས་བསྐོར་ཞིང་མར་རྒྱན་དང་། རྩེ་ལ་ཁྱུང་དང་། དེའི་དུ་འབྲུག་གཉིས། དེ་འོག་སེང་གཉིས་གཞན་ཡང་ཤིང་ལོ་པ་ཏྲ་ལ་སོགས་པས་རྒྱན་པ་ལ། དཀར་མངར་སྨན་འབྲུ་མེ་ཏོག་དར་ཟབ་ཤིང་ཏོག་ལ་སོགས་བྱུར་བུར་སྤུངས་པར་བྱའོ། །ཞེས་སོ། །མཚོན་དོན་ནི། དབུས་ཀྱི་གྲུ་བཞི་རྩེ་རྒྱལ་དེས་གཤེན་རབ་རྣམ་པར་རྒྱལ་མཚོན་པ་དང། ཕྱོགས་བཞིར་ཟུར་གསུམ་རྩེ་དགུས་ཁྲོ་བཞི་རྒྱན་དྲུག་ལས་ཁྲོ་བཞི་མཚོན་པ་སྟེ། ཟུར་བཞིར་ལྷ་བཤོས་བཞིས་བདེར་གཤེགས་གཙོ་བཞིར་མཚོན་པ་དང་། མཐའ་རུ་རིལ་བུ་མང་པོས་བསྐོར་པ་དེས་སྐལ་བཟང་སངས་རྒྱས་དང་གཡུང་དྲུང་སེམས་དཔའ་མཚོན་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་རྒྱལ་གྱི་རྟེན་གཏོར་

|; |@@@ | | }}