80889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རྒྱལ་གྲགས་པ་དཔལ་བཟང་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་བཅོ་ལྔ་པ། ས་གླང་ཕྱི་ལོ་ ༡༤༦༩ ལོར་ཡབ་གྭ་ཟི་ཚེ་དབང་གྲགས་པ་དང་ཡུམ་རྒྱ་མ་བཟའ་དཔལ་མོ་བུ་འདྲེན་གཉིས་ཀྱི་སྲས་སུ་འཕན་ཡུལ་སྤྲས་སྒང་དུ་སྐུ་བལྟམས། དགུང་ལོ་བདུན་སྟེང་སྟག་ལུང་དུ་ཕེབས་ནས་ཀུན་མཁྱེན་ངག་དབང་གྲགས་པའི་དྲུང་དུ་སྔ་ཕྱི་དགེ་ཚུལ་སློང་གི་སྡོམ་པ་དང་། སྟག་ལུང་པའི་ཟབ་ཆོས་མ་ལུས་པར་གསན་བཞེས་མཛད། སྤྱན་སྔ་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་གི་དྲུང་ནས་རྔོག་དཀྱིལ་བདུན་དང་དབང་རྡོ་རྗེའི་ཕྲེང་བ། མར་པའི་སྙན་གྱི་ཤོག་དྲིལ་རྣམ་བཞི། མན་ངག་ཤོག་དྲིལ་བཅོ་ལྔ་པ་སོགས་ཀམ་ཚང་གི་ཆོས་སྐོར་ཡང་མང་དུ་གསན། དགུང་ལོ་ཉེར་ལྔའི་སྟེང་སྟག་ལུང་གི་གཙུག་ལག་ཁང་དུ་མཁན་པོ་ངག་དབང་གྲགས་པ་དཔལ་བཟང་དང་ལས་ཀྱི་སློབ་དཔོན་ཞྭ་དམར་ཅོ་པཎ་འཛིན་པ་ཆོས་གྲགས་ཡེ་ཤེས། གསང་སྟོན་བཀྲ་ཤིས་དཔལ་བ་སོགས་མཁས་བཙུན་དུ་མའི་དབུས་སུ་བསྙེན་པར་རྫོགས། ཤིང་འབྲུག་ཕྱི་ལོ་ ༡༤༨༥ ལོར་སྟག་ལུང་པའི་ཆོས་སྲིད་ཀྱི་ཁྲིར་འཁོད་ཅིང་། ཐུབ་ཆེན་བདུད་ལས་རྣམ་རྒྱལ་སོགས་རྟེན་གསུམ་བཞེངས་བསྐྲུན་དང་སྒྲུབ་མཆོད་ལ་གར་དང་ཕུར་པའི་རྩ་འཆམ་དང་རྔ་འཆམ་བཅས་ཀྱི་སྲོལ་གསར་དུ་བཙུགས། བགྲངས་བྱ་བཅུ་དྲུག་རིང་ཚོགས་པ་བསྐྱངས་ཏེ། ལྕགས་བྱ་སྤྱི་ལོ་་༡༥༠༡ལོར་ཆོས་རྗེ་བསོད་ནམས་དཔལ་བཟང་ལ་གདན་ས་གཏད་དེ་དབེན་གནས་སེ་གླིང་དུ་ཀུན་སྤངས་མཛད། སེ་གླིང་དང་དྲིའུ་ལུང་། ཐང་འབྲོག། གླང་ཐང་། རྩེ་ཞོལ། སེ་བ་ལུང་སོགས་ཉེར་འཁོར་གྱི་ཉིན་སྲིབ་ཐམས་ཅད་དུ་སྒྲུབ་པ་པོས་ཁྱབ་སྟེ། སྒོམ་གྲྭ་ཤིན་ཏུ་དར་རྒྱས་བྱུང་སྐད། ལྕགས་འབྲུག་ཕྱི་ལོ་ ༡༥༢༠ ལོར་བསོད་ནམས་དཔལ་བཟང་སྐུ་གཤེགས་སྟབས་སླར་ཡང་གདན་སའི་ཁྲི་ལ་བཞུགས་ནས་ཆོས་སྲིད་ཀྱི་བྱ་བ་མཐའ་དག་གཡེལ་བ་མེད་པར་བསྐྱངས། ཧོར་གྱི་དམག་དཔུང་བྱུང་བ་ཐབས་མཁས་ཀྱིས་ཆོས་བཞིན་དབང་དུ་བསྡུས་ནས་རྒྱུད་ལ་ཐར་པའི་དགེ་རྩ་བསྐྲུན་པར་བྱས། མཐར་ལྕགས་སྟག་ཕྱི་ལོ་ ༡༥༣༠ ལོར་སྐུ་གཤེགས། སློབ་མའི་གཙོ་བོ་གདན་སར་དབོན་རྣམ་གཉིས་དང་ཡེ་བཟང་རྩེ་པའི་དབོན་པོ་སྨོན་ལམ་གྲགས་པ། མཁས་གྲུབ་ཨརྱ་ཤྲི། སྣར་ཐང་མཁན་ཆེན། ཡེ་པ་མཁན་པོ། མཐིལ་གྱི་མཁན་པོ། སྨན་སྒོམ་ཤཱཀྱ་དབང་ཕྱུག། ཟུར་མང་ཆོས་རྗེ་བློ་གྲོས་རྒྱ་མཚོ། བྱ་བྲལ་བྱིའུ་ལུང་པ་ཤཱཀྱ་རྒྱལ་མཚན། ཁྲབ་ཁ་བ། འབམ་རོམ་ག་དགོན་པ། གླང་ཐང་སྤྱན་སྔ་བ། ནང་ཆེན་སངས་རྒྱས་གྲགས་པ། བྱང་སེམས་ཐར་པ་རྒྱལ་མཚན་ཁུ་དབོན། འབྲི་གུང་རས་ཆེན་པ། འདུར་དགོན་རྒྱ་པ། བྱ་ཕུག་ཀུན་དགའ་བསམ་གཏན། འཁྲུལ་སྒང་འཁྲུལ་ཞིག་པ་སོགས་མང་དུ་བྱོན་ནོ། །

{{#arraymap:རྣམ་རྒྱལ་གྲགས་པ་དཔལ་བཟང་

|; |@@@ | | }}