80896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རྒྱལ་རབ་བརྟན་གླིང་ (1)
Part of speech མིང་ཚིག
Definition དུས་རབ་བཅུ་གཉིས་ཙམ་ནས་བཏབ་པའི་ཁྱུང་པོ་སྟེང་ཆེན་རྫོང་གྱང་སྔོན་གྲོང་ཚོའི་ཁོངས་ངང་བཟོ་རུ་ཡོད་པའི་སྟག་ལུང་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་དགོན་པ་ཞིག། སྔོན་དུས་ཁྱུང་པོ་མཛོ་རྭ་མགོ་ཡི་མན་ཆད་ནས་རྨེ་རུ་གནམ་ལ་མགོ་ཡི་ཡན་ཆད་བར་དགོན་འདི་ཁྱབ་ཁོངས་ཀྱི་སྡེ་ཡིན་པར་བཤད་པ་ཙམ་ལས་འདུས་པའི་གྲངས་མི་གསལ་ཡང་། དུས་འགྱུར་གོང་ཙམ་ལ་གྲྭ་སྔགས་བསྡོམ་པའི་བཞི་བཅུ་ཙམ་ཡོད་པར་བཤད ། སྟག་ལུང་པའི་གདན་རབས་ཉེར་གཅིག་པ། རྗེ་བཀྲ་ཤིས་དཔལ་གྲུབ་ཀྱིས་གྲྭ་ཚང་འདི་རི་ཆེ་སྟག་ལུང་གྲྭ་ཚང་བཀའ་བརྒྱུད་སྡོམ་གསུམ་གླིང་གི་ཁྱབ་ཁོངས་སུ་བསྩལ་ནས། ཐད་ཀར་བླ་བསྐོས་བསྐོ་བཞག་མཛད། རི་ཆེ་རྩེ་བླ་བྲང་དང་གྲྭ་ཚང་སྡོམ་གསུམ་གླིང་གཉིས་ནས་ད་བར་གཟིགས་སྐྱོང་གནང་བཞིན་ཡོད་འདུག། སྐྱེལ་པོ་སུམ་ཅུ་ཟེར་བའི་ཁྱིམ་དུད་ཆེ་བ་སུམ་ཅུ་ཡོད་ཅིང་། ཁྱིམ་དུད་འདི་རྣམས་ཀྱིས་ངང་བཟོ་དགོན་གྱི་འཛིན་སྐྱོང་བདག་པོ་ཡང་བྱེད་བཞིན་པ་ལས། གཞན་སྤྲུལ་སྐུ་དང་གདུང་བརྒྱུད་སོགས་ཀྱི་་དགོན་བདག་མེད་པ་དང་། གྲྭ་པ་རྣམས་རི་བོ་ཆེ་རུ་སྟག་ལུང་པའི་ཆོས་སྐོར་སློབ་སྦྱོང་བྱེད་པ་དང་། བཀྲ་ཤིས་དཔལ་གྲུབ་ཀྱིས་བླ་བསྐོས་མཛད་པ་ནས་བཟུང་། ཆོ་ག་ཕྱག་ལེན་སྟག་ལུང་ཡར་ཐང་དང་རི་ཆེ་སྡོམ་གསུམ་གླིང་གི་ལུགས་ལྟར་གནང་སྲོལ་བྱུང་འདུག། དུས་མཆོད་སྒྲུབ་པ་སོགས་སྐབས་དང་ཡོལ་མེད་ཀྱིས་ཚོགས་ཀྱི་ཡོད་པ་རེད། བར་ལམ་ཞིག་ཏུ་གྲལ་སྟོད་ལ་གྲྭ་པ་དང་གྲལ་མེད་ལ་སྔགས་པ་ཚོགས་ཆོག་པ་བྱུང་ཞིང་།རིམ་གྱིས་སྔགས་པ་ཇེ་མང་དུ་གྱུར་ནས་གྲྭ་པ་ཕལ་ཆེ་བས་རི་བོ་ཆེ་རུ་རྒྱུན་སྡོད་བྱས་པས་འདུས་གྲང་ཇེ་ཉུང་དུ་སོང་བ་དང་། དགོན་པར་གྲྭ་སྔགས་བཙུན་གསུམ་ཅི་རིགས་འདུས་པའི་མི་གྲངས་དྲུག་བཅུའི་སྐོར་ཞིག་གཉུག་མར་གནས། རིག་གསར་སྐབས་རྩ་གཏོར་ཕོག་ཀྱང་ཕྱི་ལོ་ ༡༩༨༥ ལོ་ནས་སྔོན་གྱི་གྲྭ་རྒན་ལྷག་བསམ་ཅན་ཁ་བཤས་ཀྱིས་བསྐྱར་བཞེངས་འགོ་བཙུགས་ཏེ་ཉམ་གསོའི་བྱ་བ་ཡར་རྒྱས་འགྲོ་བཞིན་པའི་སྐབས་ཡིན་འདུག།

{{#arraymap:རྣམ་རྒྱལ་རབ་བརྟན་གླིང་

|; |@@@ | | }}