80898

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རྒྱལ་ལྷ་ཚོགས་ (1)
Part of speech མིང་ཚིག
Definition བོན། གསས་ཁང་དཀར་ནག་བཀྲ་གསལ་ལ་ཀླུ་སྲིན་སོགས་ཀྱི་འཇིགས་པ་བྱུང་སྐབས་སུ། སྟོན་པ་གཤེན་རབ་མི་བོ་མཆོག་ནས་ཐུགས་རྗེའི་མཐུ་སྟོབས་ཀྱིས་བཞེངས་པའི་རྣམ་རྒྱལ་རྩ་བའི་ལྷ་བཅུ་དང། ཀླུ་སྲིན་རྣམས་ཚུར་དམ་ལ་བཏགས་ནས་བསྟན་པའི་བཀའ་སྲུང་བསྐོས་བའི་དཔལ་མགོན་བརྒྱ་རྩ་དགུ་དང་། ཉེ་དབང་འབུམ་ཕྲག་བཅོ་ལྔ། ཡང་འཁོར་བྱེ་བ་གྲངས་མེད་བཅས་ཡིན་ཏེ། རྣམ་པར་རྒྱལ་བའི་མཆོད་བསྐང་ལས། །རྣམ་རྒྱལ་རྩ་བའི་ལྷ་བཅུ་དང་། །དཔལ་མགོན་བརྒྱ་དང་རྩ་བརྒྱད་དང་། །ཉེ་དབང་འབུམ་ཕྲག་བཅོ་ལྔ་དང་། །ཡང་འཁར་བྱེ་བ་གྲངས་འདས་ལ། །མཆོད་པ་དམ་པ་འབུལ་བ་ནི། །དྭངས་བའི་སེམས་དང་ལྡན་པ་ཡི། །དད་གུས་ཤེས་རིག་ཏིང་འཛིན་འདིས། །རྣམ་རྒྱལ་ལྷ་ཚོགས་ཐུགས་དམ་བསྐང་། །ཞེས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་རྒྱལ་ལྷ་ཚོགས་

|; |@@@ | | }}