80903

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རྟོག་ཁུ་འཕྲིག་གི་བདུད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བདུད་ཀྱི་སྐྱོན་ལྔའི་ནང་གསེས་ཤིག་སྟེ། ལྟ་བ་མ་རྟོགས་པ་ལས་བྱུང་བའི་རྣམ་རྟོག་སྣ་ཚོགས་པས་ཐེ་ཚོམ་དང་ཁུ་འཕྲིག་བྱེད་པས་ཡང་དག་དོན་ལ་སྒྲིབ་ཞིང་འབྲས་བུ་ལ་བར་དུ་གཅོད་པ་སྟེ། དེའང་ལྟ་བའི་རྣམ་རྟོག་རིག་པ་གདེང་མ་ཆོད་པར་བླ་མ་ངན་པ་དང༌། ཐེག་པ་དམན་པ་དང༌། ཤེས་རབ་ཆུང་བ་ལ་བརྟེན་པ་དང་། སྒོམ་པའི་རྣམ་རྟོག་སྒོམ་པའི་དུས་སུ་འདི་བས་འདི་ཨེ་བཟང་སྙམ་པ་ལྟ་བུ་དང་། སྤྱོད་པའི་རྣམ་རྟོག་གཙང་སྨེར་འཛིན་པ་དག་གོ །
Domain ཆོས་ལུགས།

{{#arraymap:རྣམ་རྟོག་ཁུ་འཕྲིག་གི་བདུད་

|; |@@@ | | }}