8092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། འདི་ལ་དང་པོ་ཁོ་ནར་གནས་ཡིབས་སུ་ཤིས་པ། ལྟ་ན་སྡུག་པ། མཛེས་པ། ཀུན་དགའ་ར་བ་ཕུན་སུམ་ཚོགས་པ། ནགས་ཚལ་ཕུན་སུམ་ཚོགས་པ། རྫིང་བུ་ཕུན་སུམ་ཚོགས་པ། གཙང་བ་ཉམས་དགའ་བ། ཤང་ཤོང་མེད་པ། སྡོང་དུམ་དང༌། ཚེར་མའི་གཞི་མ་ཡིན་པ། རྡོ་བ་དང༌། གསེག་མ་དང༌། གྱོ་མོ་མི་མང་བ། གང་དེས་མཐོང་ན་སྤོང་བ་ལ་བརྩོན་པར་གནས་པའི་ཕྱིར། སེམས་མངོན་པར་རབ་ཏུ་དྭངས་པར་འགྱུར་ཞིང་སེམས་རངས་ཤིང་རབ་ཏུ་དགའ་བས་སྤོང་བ་ལ་རབ་ཏུ་བསྟོད་པར་བྱེད་པ་གང་ཡིན་པའོ། །གཞན་ཡང་ཉིན་མོ་མི་སྡུག་པ་ཉུང་ལ། མཚན་མོ་སྒྲ་ཆུང་ཞིང་ཀླག་ཅོར་ཉུང་བ་དང༌། ཤ་སྦྲང་དང༌། སྦྲང་བུ་མཆུ་རིང་དང༌། རླུང་དང༌། ཉི་མ་དང༌། སྡིག་སྦྲུལ་གྱིས་རེག་པ་ཉུང་བ་གང་ཡིན་པའོ། །གཞན་ཡང་སེང་གེ་དང༌། སྟག་དང༌། གུང་དང༌། ཆོམ་རྐུན་དང༌། ཕ་རོལ་གྱི་དམག་ཚོགས་དང༌། མི་དང་མི་མ་ཡིན་པའི་འཇིགས་པ་དང༌། འཇིགས་སུ་རུང་བ་མེད་ལ། ཡིད་བརྟན་ཞིང་བག་ཚ་བ་མེད་པ་དང༌། བདེ་བ་ལ་རེག་པར་གནས་པར་འགྱུར་བ་གང་ཡིན་པའོ། །གཞན་ཡང་གང་དུ་ཆོས་གོས་ལ་སོགས་པ་འཚོ་བའི་ཡོ་བྱད་རྐྱེན་དུ་བབས་པ་གང་ཡིན་པ་དེ་དག་ཚེགས་ཆུང་ངུས་འགྲུབ་ཅིང་བསོད་སྙོམས་ལ་སོགས་པ་དེ་དག་གིས་ལུས་ངལ་བ་མེད་པར་འཚོ་བར་འགྱུར་བ་གང་ཡིན་པའོ། །གཞན་ཡང་གང་དུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་ཞིང་གང་དག་དེ་ལ་མ་ཕྱེ་བའི་གནས་རྣམས་འབྱེད་པར་བྱེད་ཅིང༌། ཕྱེ་བ་རྣམས་ཀྱང་གསལ་བར་བྱེད་པ་དང༌། ཡེ་ཤེས་དང་མཐོང་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཟབ་མོའི་དོན་དང་ཚིག་ཤེས་རབ་ཀྱིས་སོ་སོར་བརྟགས་ནས། ལེགས་པར་རབ་ཏུ་སྟོན་པར་བྱེད་པ་དེ་ལྟ་བུའི་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་གནས་པ་གང་ཡིན་པའོ། །
Domain ཆོས་ལུགས།

{{#arraymap:གནས་ཕུན་སུམ་ཚོགས་པ་རྣམ་པ་ལྔ་

|; |@@@ | | }}