80922

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཤེས་ཀྱི་ཁམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྤྱིར་རྣམ་ཤེས་ཀྱི་ཁམས། རྣམ་ཤེས། རྣམ་ཤེས་ཀྱི་ཕུང་པོ། སེམས། སེམས་ཀྱི་གཞི། ཡིད། ཡིད་ཀྱི་སྐྱེ་མཆེད། ཡིད་ཁམས་རྣམས་དོན་གཅིག
Domain ཆོས་ལུགས།
རྣམ་ཤེས་ཀྱི་ཁམས་ (2)
Part of speech མིང་ཚིག
Definition ཁམས་དྲུག་ནང་ཚན་གྱི་རྣམ་ཤེས་ཁམས་ནི་ཟག་བཅས་ཀྱི་རྣམ་ཤེས་ལ་བྱ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེས་ན་ཟག་མེད་ཀྱི་རྣམ་ཤེས་དེ་སྤྱིར་རྣམ་ཤེས་ཀྱི་ཁམས་ཡིན་ཀྱང༌། ཁམས་དྲུག་གི་ནང་ཚན་གྱི་རྣམ་ཤེས་ཀྱི་ཁམས་མ་ཡིན་པའི་ཁྱད་པར་ཕྱེ་དགོས་ལ། ཟག་བཅས་ཀྱི་རྣམ་ཤེས་ཡིན་ན་ཁམས་དྲུག་གི་ནང་ཚན་རྣམ་ཤེས་ཀྱི་ཁམས་ཡིན་པས་ཁྱབ་པ་ནི་ཁས་བླངས་ཆོག་པ་འདྲ་སྙམ་ཡང་དཔྱད་དགོས་སོ། །འདིར་ཁམས་དྲུག་ཅེས་པ་ནི། ས། ཆུ། མེ། རླུང༌། ནམ་མཁའི་ཁམས། རྣམ་ཤེས་ཀྱི་ཁམས་དང་དྲུག་ཏུ་འདོད་ལ། དེ་དྲུག་པོ་གང་རུང་ལ་ཟག་བཅས་ཀྱིས་ཁྱབ་སྟེ་ལུགས་འདིར་ནམ་མཁའི་ཁམས་ཡང་འདུས་བྱས་སུ་འདོད་པའི་ཕྱིར་རོ། །འདིར་ཁམས་དྲུག་ཅེས་པ་ནི་གཙོ་བོ་སྲིད་པ་སྐྱེ་བའི་ཁམས་ལ་བྱེད་པར་སྣང་ངོ། །ཞེས་གསུངས།