80925

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཤེས་ཀྱི་གནས་པ་བདུན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འགྲོ་བ་ལྔའི་ཁམས་གསུམ་པོ་འདིར་གནས་པར་འདོད་པ་དང་གཞན་དུ་སྐྱོད་པར་མི་འདོད་པའི་གནས་སམ་རྣམ་པར་ཤེས་པ་འཇོམས་བྱེད་དང་མི་ལྡན་པའི་གནས་རྣམས་ཏེ། མཛོད་ལས། ལུས་དང་འདུ་ཤེས་ཐ་དད་དང་། ལུས་ཐ་དད་ཅིང་འདུ་ཤེས་གཅིག ། བཟློག་དང་ལུས་དང་འདུ་ཤེས་གཅིག ། གཟུགས་ཅན་མ་ཡིན་གསུམ་པོ་དག ། རྣམ་ཤེས་གནས་པ་བདུན། ཅེས་པ་ལྟར། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ། མི་རྣམས་དང་། འདོད་ལྷ་རྣམས་དང་། བསམ་གཏན་དང་པོ་པ་དང་པོར་བྱུང་བ་མ་གཏོགས་པའོ། །འདི་ནི་རྣམ་པར་ཤེས་པའི་གནས་པ་དང་པོའོ། །ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ། ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དེ་དག རྣམ་པར་ཤེས་པས་གནས་པ་གཉིས་པའོ། །དེ་ལས་ཟློག་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ཡོད་དེ་འོད་གསལ་གྱི་ལྷ་རྣམས་ཏེ། འདི་ནི་རྣམ་པར་ཤེས་པ་གནས་པ་གསུམ་པའོ། །ལུས་ཀྱང་གཅིག་ལ་འདུ་ཤེས་གཅིག་པ་ཡོད་དེ་དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་རྣམ་པར་ཤེས་པས་གནས་པ་བཞི་པའོ། །གཟུགས་ཅན་མ་ཡིན་པའམ་གཟུགས་མེད་གསུམ་པོ་སྟེ། ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་བཅས་ཀྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ཏེ། དེ་དག་གི་རྣམ་པར་ཤེས་པས་གནས་པ་བདུན་ནོ། །འདི་ལ་རྣམ་པར་ཤེས་པ་གནས་པ་གང་ཡིན་ཞེ་ན། ཅི་རིགས་པར་དེ་དག་དང་ལྡན་པའི་ཕུང་པོ་ལྔ་དང་བཞི་ཡིན་ནོ། །ལྷག་མ་ངན་འགྲོ་རྣམས་དང་། བསམ་གཏན་བཞི་པ་དང་སྲིད་པའི་རྩེ་མོའོ། །འདི་དག་ན་རྣམ་པར་ཤེས་པ་འཇོམས་པར་བྱེད་པ་དག་ཡོད་པས་དེའི་ཕྱིར་རྣམ་པར་ཤེས་པས་གནས་པ་མིན་ནོ། །ཅིས་འཇོམས་ན་ངན་འགྲོ་དག་སྡུག་བསྔལ་གྱི་ཚོར་བས་གནོད་པར་བྱེད་པ་ཡིན་ནོ། །བསམ་གཏན་བཞི་པར་འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པས་དང་། སྲིད་པའི་རྩེ་མོར་ནི་འགོག་པའི་སྙོམས་པར་འཇུག་པས་ཏེ། སེམས་ཀྱི་རྒྱུན་གཅོད་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:རྣམ་ཤེས་ཀྱི་གནས་པ་བདུན་

|; |@@@ | | }}