80929

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཤེས་ཀྱི་ཕུང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་ཤེས་ཀྱི་ཕུང་པོའི་མཚན་ཉིད། དམིགས་པའི་ངོ་བོ་རང་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པ་དུ་མ་སྤུངས་པའོ། །སོ་སོར་རྣམ་པར་རིག་པའི་དོན་ནི་མིག་གི་རྣམ་པར་ཤེས་པས་གཟུགས་ཀྱི་སྐྱེ་མཆེད་རིག་གི་སྒྲའི་སྐྱེ་མཆེད་མི་རིག་པ་ལ་སོགས་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཅེས་བྱ་བ་ལས་སོ། ། རྣམ་པར་ཤེས་པའི་མཚན་ཉིད་ནི་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པའོ། །དེ་ལ་ནི་སྡེ་པ་དག་གིས་མིག་གི་རྣམ་ཤེས་ལ་སོགས་པ་དྲུག་ཏུ་འདོད་ལ། རྣམ་ཤེས་ཀྱི་ཕུང་པོ་དེ་ཉིད་སྐྱེ་མཆེད་དུ་རྣམ་པར་བཞག་པ་ནི་རྣམ་ཤེས་ཀྱི་ཕུང་པོ་གང་ཡིན་པ་དེ་ཉིད་ནི་ཡིད་ཀྱི་སྐྱེ་མཆེད་ཀྱང་ཡིན་ཏེ། ཡིད་ཀྱང་ཡིན་ལ་རྣམ་ཤེས་ཕྱི་མའི་སྐྱེ་བའི་སྒོ་འང་ཡིན་པའི་ཕྱིར་རོ། །རྣམ་ཤེས་ཀྱི་ཕུང་པོ་དེ་ཉིད་ཁམས་སུ་རྣམ་པར་བཞག་པ་ནི་སེམས་ཀྱི་ཁམས་བདུན་དག་ཏུའང་འདོད་པ་སྟེ། བདུན་གང་ཞེ་ན། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་ཁམས་སོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། རྣམ་ཤེས་ཀྱི་ཕུང་པོའི་མཚན་ཉིད་ནི་བློ་གང་ཞིག་རང་སྟོབས་ཀྱིས་རང་གི་གཟུང་དོན་གྱི་ངོ་བོ་རྣམ་པར་རིག་པ་ཞེས་པའོ། །མཚན་ཉིད་ནི་(དབྱེ་བ་)ཉན་ཐོས་སྡེ་པ་གཉིས་རྣམ་ཤེས་ཚོགས་དྲུག་ཏུ་འདོད་ལ། སློབ་དཔོན་སྐུ་མཆེད་ནི་དམིགས་པ་ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་དམིགས་ནས་རྣམ་པ་མི་གསལ་ཞིང་མ་ཆད་པར་འཛིན་པའི་ཀུན་གཞིའི་རྣམ་ཤེས་དང། དེ་ཉིད་ལ་དམིགས་ནས་ངར་འཛིན་པའི་རྣམ་པ་ཅན་ཉོན་མོངས་པ་ཅན་གྱི་ཡིད་དེ་ཚོགས་བརྒྱད་བཞེད་དོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། རྣམ་ཤེས་ཀྱི་ཕུང་པོ་དང། ཡིད་ཀྱི་སྐྱེ་མཆེད་དང། ཡིད་ཀྱི་ཁམས་དང་གསུམ་ནི་དོན་གཅིག་གོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་ཤེས་ཀྱི་ཕུང་པོ་

|; |@@@ | | }}