80931

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཤེས་ཀྱི་ཕྱོགས་དང་ཡེ་ཤེས་ཀྱི་ཕྱོགས་གཉིས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་གཞན་སྟོང་པ། རྣམ་ཤེས་ཀྱི་སྣང་ཡུལ་གྱིས་བསྡུས་པའི་ཆོས་དང་ཡེ་ཤེས་ཀྱི་སྣང་ཡུལ་གྱི་བསྡུས་པའི་ཆོས་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐའི་དབུ་མ་གཞན་སྟོང་སྙིང་བོ་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གྱི་དབྱེ་བའམ། ཀུན་རྫོབ་རྣམ་ཤེས་དང་འབྲེལ་བ་དང༌། དོན་དམ་ཡེ་ཤེས་ཀྱི་ཕྱོགས་གཉིས་གཉིས་བཞག་ནས། གཟུགས་སྒྲ་དྲི་རོ་སོགས་ཀུན་རྫོབ་རྣམ་ཤེས་ཀྱི་ཕྱོགས་ཡིན་པའི་ཕྱིར་བདེན་མེད་དང༌། ཆོས་ཉིད་ཀྱི་གཟུགས་སྒྲ་སོགས་ཡེ་ཤེས་ཀྱི་ཕྱོགས་ཡིན་པའི་བདེན་གྲུབ་དང༌། ཀུན་རྫོབ་ཀྱི་ཕྱོགས་ཐ་དད་དང༌། དོན་དམ་གྱི་ཆོས་རྣམས་འགལ་འདུའི་སྐྱོན་མེད་དོ། །ཞེས་གསུངས་སོ། །
Domain ལྟ་གྲུབ།

{{#arraymap:རྣམ་ཤེས་ཀྱི་ཕྱོགས་དང་ཡེ་ཤེས་ཀྱི་ཕྱོགས་གཉིས་

|; |@@@ | | }}