80934
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། སྔགས། རྣལ་འབྱོར་བླ་མེད་རྒྱུད། དབུ་མ་པ། བདེན་པ་གཉིས་ཀྱི་སྒོ་ནས་དབྱེ་བའི་ཆོས་གཉིས་ཏེ། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱི་ཤགས་འབྱེད་བསྡུས་པ་ལས། རྣམ་པར་ཤེས་པའི་རང་སྣང་ནི། ཀུན་རྫོབ་ཀྱི་ཁམས་གསུམ་པ་རྡུལ་དང་སྐད་ཅིག་ལས་མ་འདས་པ་སྟེ། ལས་དང་ཉོན་མོངས་པས་སྤྲུལ་བ་སྡུག་བསྔལ་གྱི་རང་བཞིན་ནོ། །རང་བྱུང་ཡེ་ཤེས་ཀྱི་རང་སྣང་ནི། དོམ་དམ་པའི་ཁམས་གསུམ་པ་རྡུལ་དང་སྐད་ཅིག་ལས་འདས་པ་སྟེ། རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་ཅིང་སྡུག་བསྔལ་མེད་པའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ། །ཞེས་བྱུང་། |
| Domain | ཆོས་ལུགས། |