80938

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཤེས་གནས་པ་བདུན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་ཤེས་གནས་པ་བདུན་ཡོད་དེ། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ། ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ། ལུས་དང་འདུ་ཤེས་གཉིས་ཀ་གཅིག་པ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་རྣམས་སུ་ཡོད་པའི་ཕྱིར། མི་དང་འདོད་ལྷ་དང་བསམ་གཏན་དང་པོར་ཕྱིས་སྐྱེས་པ་རྣམས་དང་པོ་ཡིན་ཏེ། དེ་རྣམས་ལུས་དང་ཁ་དོག་དང་དབྱིབས་དང་བོང་ཚོད་ཀྱི་སྒོ་ནས་ཐ་དད་ཅིང་འདུ་ཤེས་ཀྱང་བདེ་སྡུག་བཏང་སྙོམས་ཐ་དད་ཡིན་པའི་ཕྱིར། ཚངས་པ་ཆེན་པོ་དང་དེའི་འཁོར་གྱི་ལྷ་རྣམས་གཉིས་པ་དེ་ཡིན་ཏེ། ལུས་ཐ་དད་སྔ་མ་ལྟར་ལ། འདུ་ཤེས་ཚངས་པ་ཆེན་པོ་ནི་འདི་རྣམས་བདག་གིས་ཕྱུང་བའོ་སྙམ་དུ་སེམས་ཤིང་། དེ་རྣམས་ཀྱང་བདག་ཚངས་པ་ཆེན་པོས་ཕྱུང་བའོ་སྙམ་པ་གཅིག་པའི་ཕྱིར། བསམ་གཏན་གཉིས་པའི་ལྷ་རྣམས་གསུམ་པ་དེ་ཡིན་ཏེ། ལུས་ཀྱི་ཁ་དོག་སོགས་གཅིག་ཅིང་། འདུ་ཤེས་དངོས་གཞིའི་ཡིད་བདེ་དང་ཉེར་བསྡོགས་ཀྱི་བཏང་སྙོམས་ལ་འཇུག་པ་ཐ་དད་པའི་ཕྱིར། བསམ་གཏན་གསུམ་པའི་ལྷ་རྣམས་བཞི་པ་དེ་ཡིན་ཏེ། དེ་རྣམས་ལུས་འོད་ཀྱི་རང་བཞིན་དུ་གཅིག་ཅིང་། འདུ་ཤེས་ཀྱང་དངོས་གཞིའི་སེམས་བདེ་ལ་འཇུག་པའི་ཕྱིར། འོ་ན་ངན་སོང་བ་དང་། བསམ་གཏན་བཞི་པ་བ། སྲིད་རྩེ་རྣམས་རྣམ་ཤེས་གནས་པར་མི་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་དག་རྣམ་ཤེས་གནས་པ་འཇོམས་བྱེད་དང་ལྡན་པའི་ཕྱིར་ཏེ། དང་པོ་སྡུག་བསྔལ་དང་། གཉིས་པ་འདུ་ཤས་མེད་པའི་སྙོམས་འཇུག་དང་། གསུམ་པ་འགོག་པའི་སྙོམས་འཇུག་གིས་འཇོམས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:རྣམ་ཤེས་གནས་པ་བདུན་

|; |@@@ | | }}