80939

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཤེས་གནས་པ་བདུན་དང་བཞིས་བསྡུ་བ་མུ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གལ་ཏེ་རྣམ་ཤེས་གནས་པ་བདུན་དང་གནས་པ་བཞི་པོ་དག་གང་གིས་གང་བསྡུས་ཤེ་ན། དེ་དག་གི་བསྡུ་བ་དཔྱད་ན་མུ་ནི་བཞི་ཡིན་ནོ། །འདི་ལྟར་བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་ནི་རྣམ་པར་ཤེས་པ་གནས་པ་བདུན་དུ་གཏོགས་པའི་རྣམ་ཤེས་སོ། །བཞིས་བསྡུས་ལ་བདུན་གྱིས་མ་བསྡུས་པ་ནི་ངན་སོང་གསུམ་དང་བསམ་གཏན་བཞི་པ་དང་སྲིད་པའི་རྩེ་མོ་པ་རྣམས་ཀྱི་རྣམ་ཤེས་ལས་གཞན་པའི་ཕུང་པོའོ། །གཉིས་ཀ་ཡིན་པ་ནི་རྣམ་པར་ཤེས་པ་གནས་པ་བདུན་དུ་གཏོགས་པའི་ཕུང་པོ་བཞིའོ། །གཉིས་ཀ་མ་ཡིན་པ་ནི་ངན་སོང་གསུམ་དང་བསམ་གཏན་བཞི་པ་དང་སྲིད་རྩེའི་རྣམ་ཤེས་དང་ཟག་པ་མེད་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།