80941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཤེས་གནས་པ་མ་ཡིན་པའི་གནས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ངན་སོང་གསུམ་དང་བསམ་གཏན་བཞི་པ་དང་སྲིད་རྩེ་བ་རྣམས་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་དེ་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར་དང་། ངན་སོང་རྣམས་སུ་སྡུག་བསྔལ་གྱིས་འཇོམས་པའི་ཕྱིར་དང་། བསམ་གཏན་བཞི་པ་ན་འདུ་ཤེས་མེད་པ་བ་དང་འདུ་ཤེས་མེད་པ་བའི་སྙོམས་འཇུག་དང་། སྲིད་རྩེ་ན་འགོག་པའི་སྙོམས་འཇུག་གིས་རྣམ་ཤེས་འཇོམས་པའི་ཕྱིར་རོ། །གཞན་ཡང་ངན་སོང་བ་ནི་དེར་གནས་པར་མི་འདོད་པར་གོང་དུ་བསྐྱོད་པར་འདོད་པའི་ཕྱིར་དང་། བསམ་གཏན་བཞི་པའི་སོ་སོའི་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་པ་དང་། འཕགས་པ་རྣམས་ནི་གནས་གཙང་མར་བསྐྱོད་པར་འདོད་པའི་ཕྱིར་དེ་དག་རྣམ་ཤེས་གནས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་གནས་པ་ནི་གཞན་ན་གནས་པ་དེར་འགྲོ་བར་འདོད་པ་དང་དེར་གནས་པ་གཞན་དུ་བསྐྱོད་པར་མི་འདོད་པ་ཡིན་ན་དེ་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་དང་། སྲིད་རྩེ་བ་སེམས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར་རོ་ཞེས་འཆད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་ཤེས་གནས་པ་མ་ཡིན་པའི་གནས་

|; |@@@ | | }}