80950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཟག་མེད་ཀྱི་མཇུག་ཏུ་སྐྱེ་བའི་སྙོམས་འཇུག་དགུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཟག་མེད་ཀྱི་མཇུག་ཐོགས་སུ་ནི་དགུ་འབྱུང་སྟེ་རང་སའི་གཉིས་དང་། ལུགས་དང་མཐུན་པར་སྙོམས་པར་འཇུག་པ་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གཉིས་དང་། ལུགས་དང་མཐུན་པར་རིས་མི་མཐུན་པ་གསུམ་པར་འགྲོ་བ་ན་སྙོམས་འཇུག་ལས་ལངས་པའི་ཚེ་སྲིད་རྩེའི་དག་པ་པ་ཁོ་ན་འབྱུང་སྟེ། དེ་ན་རྒྱུ་བ་ཞན་པས་ཟག་མེད་མེད་པའི་ཕྱིར་རོ། །ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་བསམ་གཏན་བཞི་པའི་ས་པའི་དག་པ་པ་དང་ཟག་མེད་གཉིས་གཉིས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྗེས་སུ་ནི་རང་ས་དང་འོག་ས་རྣམ་ཤེས་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དག་པ་པ་དང་། ཟག་མེད་གཉིས་གཉིས་དང་། གོང་ས་སྲིད་རྩེའི་དག་པ་པ་ཁོ་ན་དང་བདུན་འབྱུང་ངོ་། །དེ་ཡང་རྗེས་ཤེས་ཀྱི་འཇུག་ཐོགས་སུ་ནི་གཟུགས་མེད་ལ་སྙོམས་པར་འཇུག་གི་ཆོས་ཤེས་ཀྱི་འཇུག་ཐོགས་སུ་གཟུགས་མེད་ལ་སྙོམས་པར་མི་འཇུག་སྟེ། གཟུགས་མེད་འདོད་པ་ལ་མི་དམིགས་ཤིང་། ཆོས་ཤེས་འདོད་པའི་རྟེན་ཅན་དང་། འདོད་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཟག་མེད་ཀྱི་མཇུག་ཏུ་སྐྱེ་བའི་སྙོམས་འཇུག་དགུ་

|; |@@@ | | }}