80960
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། རྟོན་པ་བཞིའི་ཡ་གྱལ་ཞིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་དོན་ནི། དོན་དམ་དེ་ཡང་སྒོ་ལྔའི་རྣམ་ཤེས་སོགས་འཁྲུལ་ཤེས་ཀྱི་མཐོང་བ་ལྟར་མ་ཡིན་གྱི་ཡེ་ཤེས་མ་འཁྲུལ་བས་མཐོང་བ་ལྟར་ཡིན་པས་དེ་ལ་ཡིད་ཆེས་བྱེད་དགོས་པའི་དོན་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |