80973

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་སྨིན་གྱི་འབྲས་བུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་སྨིན་གྱི་འབྲས་བུ་ནི། རྣམ་སྨིན་མ་སྒྲིབ་ལུང་དུ་མ་བསྟན་པའི་ཆོས་དང་། སེམས་ཅན་དུ་སྟོན་པ་དང་རྒྱུ་ལུང་བསྟན་པ་དགེ་མི་དགེ་ལས་ཕྱིས་འབྱུང་བ་ཡིན་གྱི། ལྷན་ཅིག་དང་དེ་མ་ཐག་ཏུ་བྱུང་བ་མ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། རྣམ་སྨིན་གྱི་འབྲས་བུ་ནི་ཁྱད་ཆོས་གསུམ་ལྡན་ཏེ། ངོ་བོ་མ་སྒྲིབ་ལུང་མ་བསྟན་ཡིན་པ་དང། སེམས་ཅན་དུ་སྟོན་པས་རྒྱུད་ཀྱིས་བསྡུས་པ་དང། རང་གི་དགེ་བ་ཟག་བཅས་དང། མི་དགེ་བ་གང་རུང་ལས་ཕྱིས་ཡུན་རིང་དུ་ལོན་ནས་བྱུང་བ་ཏེ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང། །ཞེས་གསུངས་པའི་ཕྱིར། དེས་ན་རྣམ་སྨིན་གྱི་རྒྱུ་དང། རྣམ་སྨིན་གྱི་འབྲས་བུའི་བར་ནི་ཡུན་རིང་དུ་ཆོད་པས་རྣམ་སྨིན་གྱི་རྒྱུ་འདས་པ་ཁོ་ནས་འབྲས་བུ་འབྱིན་གྱི། ད་ལྟ་བས་མི་འབྱིན་ཏེ། གཅིག་ནི་འདས་པས་འབྱིན་པར་འགྱུར་ཞེས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་སྨིན་གྱི་འབྲས་བུ་

|; |@@@ | | }}